[A:46]པ། དེས་མཛད་པའི་འཁྲུལ་འཁོར་ལྟབ་ཅིང་སྦ་བ་སོགས་མནན་པའི་མན་ངག་སྦས་དོན་གསལ་བ། དེས་མཛད་པའི་དཔལ་མགོན་གྱི་ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཡི་གེ སྒྲུབ་ཐབས་རྟ་བདུན་རྒྱལ་པོ་མདོ་སྟོད་པ་འཇམ་དབྱངས་རྒྱལ་མཚན་གྱིས་མཛད་པ། བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་བསོད་ནམས་གྲགས་པས་མཛད་པ། སྲིའུ་གསོ་བའི་གདམས་པ། བུ་འཚོལ་བའི་མན་ངག མངལ་སྲུང་བའི་གདམས་པ། ཡང་སྲིའུ་གསོ་བའི་གདམས་པ། སྲིའུ་མེད་པ་བཙལ་བ། ལྟེ་བ་སྒྱུར་བ། ཡོད་པ་གསོ་བ་རྣམས་ཀྱི་གདམས་པ། གདོང་བཞི་པའི་ཐུགས་དམ་བསྐང་པའི་མན་ངག གཉན་གྱིས་ཉེ་གནས་དར་མ་སེང་གེ་ལ་གནང་བ། བསྟོད་པའི་སྐོར་ལ་ཀླུ་སྒྲུབ་ཀྱིས་མཛད་པ། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། པཾ་པད་མ་གཉན་གྱིས་མཛད་པ། གནམ་ཁའུ་པས་དཔལ་མགོན་དངོས་སུ་ཞལ་གཟིགས་དུས་མཛད་པ། མལ་ལོ་ཙཱ་བས་རྨི་ལམ་དུ་ཞལ་གཟིགས་དུས་མཛད་པ། རྗེ་ས་ཆེན་གྱིས་མཛད་པ། ས་པཎ་གྱིས་མཛད་པ། འཕགས་པ་རིན་པོ་ཆེས་མཛད་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པ། དྷརྨཱ་ཤྲཱི་བྷ་དྲས་མཛད་པ། མཁན་ཆེན་གནས་དྲུག་པས་མཛད་པ། བྱ་བན་ཡོན་ཏན་བློ་གྲོས་ཀྱིས་མཛད་པ། བཀྲ་ཤིས་གྲུབ་ཀྱིས་མཛད་པ། ཡང་དེས་མཛད་པ། བཟང་པོ་རྒྱལ་མཚན་པས་མཛད་པ། ཤྲཱི་མཱན་བྷ་དྲས་མཛད་པ། ཡང་བཟང་པོའི་མཐའ་ཅན་གྱིས་མཛད་པའི་བསྟོད་པ་རྣམས་སོ། །བསྐུལ་སྦས་པའི་རྣལ་འབྱོར་པ་ཟུར་ཤཱཀྱ་དཔལ་གྱིས་མཛད་པ། བླ་རྡོའི་མན་ངག་ཚར་ཆེན་གྱིས་མཛད་པ། ཙ་ཏུརྨུ་ཁའི་རྒྱ་གཞུང་པཎྜི་ཏ་ཏ་ཐཱ་ག་ཏ་རཀྵི་