[A:47]ཏས་མཛད་པ། ཞལ་བཞི་པའི་ཆོས་སྐོར་གྱི་དཀར་ཆག གསང་ཁྲིད་ཀྱི་བརྒྱུད་འདེབས། ཚེ་སྒྲུབ་སྲུང་ཟློག་དང་བཅས་པའི་རྒྱུན་གྱི་ཉམས་ལེན། དེའི་རྒྱུད་འདེབས་རྣམས་ཚར་ཆེན་གྱིས་མཛད་པ། ལས་བཞིའི་སོ་སོའི་ཡིག་ཆུང་གཉན་ལོས་མཛད་པ། དེའི་གསལ་བྱེད་ཐེག་ཆེན་ཆོས་རྒྱལ་གྱིས་མཛད་པ། རྗེས་གནང་གི་ཡི་གེ་ཁའུ་པས་མཛད་པ། རྗེས་གནང་གི་ཡི་གེ་ས་ཆེན་གྱིས་མཛད་པ། སྒྲུབ་ཐབས་ཀྱི་མཆན་བཤད་རི་སུལ་གྱི་རྣལ་འབྱོར་མས་མཛད་པ། བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་གཉན་ལོས་ཨུ་པ་དེ་ཤ སྒྲུབ་དུས་ཀྱི་ལས་ཁྲིགས་ཁའུ་པས་མཛད་པ། གཉན་ལོས་མཛད་པའི་སྟོབས་ཆེན་ཤུགས་དྲག་མ། ཁའུ་པས་མཛད་པའི་ལྷ་མཆོག་མ་དང་། དུར་ཁྲོད་གནས་བརྒྱད་མ། ཡར་ཀླུང་པས་མཛད་པའི་ལོ་རྒྱུས་ཀྱི་ཡི་གེ་རྣམས་སོ། ༈ །ཡང་ཞལ་བཞི་པ་བསྙེན་དུས་ཀྱི་མགོན་པོར་གྲགས་པའི་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཀླུ་སྒྲུབ། བ་ལིཾ་ཏ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་བདེ་བ། བི་མ་ལ་གུཔྟ། རཏྣ་ཀིརྟི། རཏྣ་བཛྲ། རི་སུལ་གྱི་རྣལ་འབྱོར་མ། གཉན་ལོ་དར་མ་གྲགས། གནམ་ཁའུ་པ། རྗེ་ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎ། འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བླ་མ་དམ་པ། མཁན་ཆེན་སེང་གེ་རྒྱལ་མཚན། ཡར་ཀླུང་པ་ཁུ་དབོན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རིང་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག རྗེ་དབང་ཕྱུག་རབ་