R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༡ན
[A:༣༡ན]ཤིན་ཏུ་གོ་བདེ་གསུང་རྒྱུན་གྱི་རིམ་པ་གསལ་བ་དངོས་གྲུབ་རྒྱ་མཚོ་
འདི་འཕྲོ་ཅན་ཡིན།
རྣམས་བཞུགས་སོ། །དེ་རྣམས་ཀྱིས་གླེགས་བམ་དང་པོའི་དཀར་ཆག་བསྟན་ཟིན་ནས། གསུང་འབུམ་པོ་ཏི་གཉིས་པ་ན་བཞུགས་པའི་ཆོས་ཀྱི་རྣམ་གྲངས་ལ། ནང་གི་བླ་མའི་རྣལ་འབྱོར་གྱི་བྱིན་བརླབས་བྱ་ཚུལ་གསང་བ་ཡིད་བཞིན་ནོར་བུ། མཧཱ་ཀཱ་ལ་འཁོར་བཅས་ཀྱི་བསྟོད་པ་ཁམས་གསུམ་ཟིལ་གནོན། བསྟན་སྲུང་འཁོར་བཅས་ཀྱི་བསྟོད་པ་བར་ཆད་ཀུན་སེལ། དབེན་གནས་བྱས་འགྱུར་རྡོ་རྗེའི་བྲག་རྫོང་གི་གནས་བཤད་དངོས་གྲུབ་རྒྱ་མཚོ། བྱ་བཏང་ཀུ་ས་ལིའི་བརྟུལ་ཞུགས་ལ་གནས་པ་རི་ཁྲོད་དབང་པོའི་ཉམས་མགུར་བདེ་ཆེན་ཕུན་ཚོགས། དབེན་གནས་ངོ་མཚར་ཅན་ཕུར་རི་རྡོ་རྗེའི་བྲག་རྫོང་གི་གནས་བཤད་ངོ་མཚར་རྒྱ་མཚོ་དགོས་འདོད་ཀུན་འབྱུང་། ཉམས་དགའ་བློ་བདེའི་མགུར། ངེད་རང་ལ་གནང་བའི་ཞལ་གདམས་དགོས་འདོད་ཀུན་འབྱུང་། བླ་མ་རྒྱང་འབོད་ཀྱི་ཚིགས་བཅད་དགོས་འདོད་ཀུན་འབྱུང་། བྱ་བཏང་རི་ཁྲོད་པ་པུ་ནྱ་ཨིནྡྲས་རང་ལ་རང་གིས་གྲོས་འདེབས་ཀྱི་ཚིགས་སུ་བཅད་པ་སྙིང་གཏམ་ཡིད་བཞིན་ནོར་བུ། མཆོག་དམན་གྱི་གང་ཟག་ཀུན་ལ་ཞུ་བའི་ཕྲིན་ཡིག་དོན་གཉིས་ལྷུན་གྲུབ། སྨོན་ལམ་གྱི་ཚིགས་བཅད་ཅི་བསམ་ཆོས་བཞིན་འགྲུབ་པ་དང་། བཀྲ་ཤིས་ཀྱི་ཚིགས་བཅད་བཀྲ་ཤིས་དོན་གྲུབ་གཉིས། རིག་འཛིན་གྲུབ་པའི་དབང་ཕྱུག་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་ངོ་མཚར་ཕུན་སུམ་ཚོགས་པའི་རྒྱ་མཚོ། རང་རིག་དབང་བསྐུར་གྱི་བསྒོམ་ཚུལ་གཅིག་ཤེས་ཀུན་གྲོལ། སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་དང་རྗེ་འབངས་ཉེར་