R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༢ན
[A:༣༢ན]མིག་ཕྱེ། །བཀའ་དྲིན་དེ་ཙམ་ཁོ་ནར་མ་ཟད་ཀྱི། །ནམ་ཡང་འབྲལ་མེད་ཐུགས་རྗེས་ཉེར་དགོངས་ཏེ།
ཁྱོད་རབ་ཏུ་བྱུང་ཕྱིན་ཆད་ངེད་དང་འབྲལ་མེད་ལྷན་ཅིག་ཏུ་གནས་དགོས་ཤིང་ངའི་ཆོས་དང་ཟང་ཟིང་གི་བདག་པོ་ཁྱོད་ཁོ་ན་འོས་ཡིན་ནོ་གསུངས་པ་སོགས།
།ཐུགས་ཡིད་གཅིག་ཏུ་འདྲེས་པའི་སྣང་ཚུལ་རྣམས། །དྲན་པའི་མོད་ལ་སྤུ་ལྡང་མཆི་མ་གཡོ། །བླ་མ་པདྨ་འབྱུང་དང་དབྱེར་མེད་ཐུགས། །ཐུགས་དང་རང་སེམས་རོ་གཅིག་ལྷན་སྐྱེས་ངང་། །ངང་དེ་བློས་བྱས་མ་ཡིན་གནས་ལུགས་མཆོག །མཆོག་དེ་རྟོགས་ནས་དོན་ཀུན་ལྷུན་གྲུབ་ཤོག །ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོས་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ཅེས་བྱ་བ་ལས་རྗེ་བཙུན་གྲུབ་པའི་འཁོར་ལོ་བསྒྱུར་བ་དཔལ་ས་སྐྱ་པ་ཆེན་པོ་འཇམ་མགོན་བསོད་ནམས་དབང་པོའི་ཞལ་སྔ་ནས་ཀྱིས་རྗེས་སུ་བཟུང་བའི་སྐབས་ཏེ་དང་པོའོ།།
།།གཅིག་ཞུས།། ༈ མཁན་ཆེན་ཨ་པད་རིན་པོ་ཆེའི་དགོངས་བཞེད་ལྟར་གུ་རུས་ཞབས་ཞུ་བགྱིས་པའོ།།