[A:93]བསོད་ནམས་ལྷུན་གྲུབ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །པརྞ་ཤ་ཝ་རི་སེར་མོའི་རྗེས་གནང་གི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། ཛེ་ཏ་རི། རྡོ་རྗེ་གདན་པ་ཆེ་བ། ཆུང་བ། བ་རི་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། ཤར་པ་སྐུ་མཆེད། རིན་ཡེ། བློ་ཆེན་སངས་རྒྱས་སྲས། བག་སྟོན་གཞོན་ཚུལ། བསམ་གཏན་གྲུབ། གློ་བོ་ལོ་ཙཱ་བ་ཤྲཱི་མམ་བོ་དྷི། ལོ་ཙཱ་བ་མ་ཎི་ཀ་ཤྲཱི་ཛྙཱ་ན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ཆོས་རྗེ་ཀུན་དགའ་བཟང་པོ། མུས་ཆེན། ཀུན་དབང་པ། འདྲེན་མཆོག ལྷ་མཆོག་སེང་གེ བུདྡྷ་སིངྷ། ཐར་རྩེ་ནམ་མཁའ་དཔལ་བཟང་། རྩེ་གདོང་བདག་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་མུས་ཆེན། ཀུན་མཁྱེན། འདྲེན་མཆོག་མན་གོང་དང་འདྲ། ཕྱག་རྡོར་གོས་སྔོན་ཅན་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། སྤྱོད་མཛད། ཆོས་ཀྱི་རྡོ་རྗེ། ཀུན་དགའ་བཟང་པོ། སློབ་དཔོན་འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། ཁ་ཆེ་དགོན་པ་བ། ཟངས་དཀར་བ་འཕགས་པ་ཤེས་རབ། གཡོར་པོ་ཇོ་སྟོན། བཅུར་བསོད་ནམས་རིན་ཆེན། འཇིམ་ཕུ་བ་པདྨ་བཀྲ་ཤིས། སྟག་ལྷའི་རྗེ་ཇོ་བཟང་། ཁྲོ་ཕུ་ལོ་ཙཱ་བ་ཆེན་པོ། བླ་ཆེན་བསོད་ནམས་དབང་ཕྱུག ཁྲོ་ཕུ་སེམས་དཔའ་ཆེན་པོ། ཡང་རྩེ་བ་རིན་ཆེན་སེང་གེ བུ་སྟོན་ཐམས་