R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): 94
[A:94]ཅད་མཁྱེན་པ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའ་མཆོག་གྲུབ། ཆོས་རྗེ་རིན་ཆེན་དཔལ་གྲུབ། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། རྗེ་བཙུན་རྡོ་རིང་ཆེན་པོ། ཚར་ཆེན་བློ་གསལ་རྒྱ་མཚོ། རྗེ་བོད་མཁར་བ་བྱམས་པ་དོན་གྲུབ་རྒྱལ་མཚན། མི་ཕམ་ཆོས་རྒྱ་མཚོ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །རྣམ་སྲས་གསེར་ཆེན་རྟ་བདག་བརྒྱད་ཀྱི་རྗེས་གནང་ཐོས་པའི་བརྒྱུད་པ་ནི། ཟངས་དཀར་ཡན་གོང་བཞིན། གཏུམ་སྟོན་བློ་གྲོས་གྲགས། གཏུམ་མགོན་ཡོན་ཏན་འོད། ལུང་ཁུ་བསྒོམ་པ། མཁན་པོ་ལུང་སྟོན། སློབ་དཔོན་ལེགས་པའི་ཤེས་རབ། བྱ་སྡེར་པ་བྱང་ཆུབ་རིན་ཆེན། བྱ་སྡེར་བ་བྱང་ཆུབ་གཞོན་ནུ། མང་མཁར་བ་བློ་བཟང་དཀར་མོ། མང་མཁར་བ་བློ་བཟང་གྲགས་པ། ཟངས་ལྡན་མཁན་ཆེན་ཤཱཀྱ་བློ་གྲོས། འབུལ་དཔོན་རྡོ་རྗེ་རྒྱལ་པོ། རྡོ་རྗེ་འཆང་སྒོམ་རུམ་པ་ཆེན་པོ། བདག་ཆེན་རྡོ་རྗེ་འཆང་ཆེན་པོ། རྗེ་བཙུན་རྡོ་རིང་པ་ཆེན་པོ། རྡོ་རྗེ་འཆང་། བློ་གསལ་རྒྱ་མཚོ། རྗེ་བཙུན་མཻ་ཏྲི་པ་དོན་གྲུབ་རྒྱལ་མཚན། མི་ཕམ་ཆོས་རྒྱ་མཚོ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །སེང་གདོང་མ་ལྷ་དགུའི་རྗེས་གནང་སྔོན་དུ་འགྲོ་བས། དེའི་ཡིག་སྐོར་གྱི་ལུང་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། རྡོ་རྗེ་མཁའ་འགྲོ་སེང་གདོང་མའི་བདག་བསྐྱེད། ཡང་དེའི་མདུན་བསྐྱེད་བསྒྲུབ་ཚུལ། ཡང་སེང་གདོང་མའི་བསྐང་གསོ། རྗེས་གནང་བྱ་ཚུལ་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་