[A:96]ཀྱི་རྒྱལ་པོས་མཛད་པ། གྲུབ་ཐོབ་ཀྱི་རྟོགས་བརྗོད། དེའི་འགྲེལ་པ། ཚོགས་འཁོར། མན་ངག་རིན་པོའི་ཆེའི་ཕྲེང་བ་རྩ་འགྲེལ། སྐུ་བྲི་ཐབས། བསྟོད་པ། ཆོས་འདིའི་བྱུང་ཚུལ། སྒྱུ་འཕྲུལ་དྲ་བ་ནས་འབྱུང་བའི་གྲུབ་ཆེན་བརྒྱད་ཀྱི་བསྟོད་པ་རྣམས་ཀྱི་ལུང་དང་བཅས་ཐོབ་པའི་བརྒྱུད་པ་ནི། གྲུབ་ཆེན་བརྒྱད་ཅུ་རྩ་བཞི། མཁའ་འགྲོ་མ་ཀོ་ཀ་ལི། རྨ་ཝེ་ཝཾ་གཉིས། དེ་གཉིས་ལ་སུརྻ་རསྨི། བྲམ་ཟེ་པཎྜི་ཏ་ཀ་མ་ལ། གྲུབ་ཐོབ་ཚ་བ་རི་པ། པཎྜི་ཏ་མི་འཇིགས་སྦྱིན་པའི་དཔལ། ཙ་མི་ལོ་ཙཱ་བ་རིན་པོ་ཆེ་ཡབ་སྲས། རཏྣ་གུ་རུ། གྲུབ་ཐོབ་ཧཱུྃ་འབར། མཁས་ཆེན་རྒན་ལྷས་པ། སྟག་སྟོན་གཞོན་ནུ་དར། བག་སྟོན་གཞོན་ཚུལ། མཁན་ཆེན་གཞོན་ནུ་མགོན། མཁན་ཆེན་གྲགས་ཚུལ་བ། རྒྱ་མ་བ་ཡོན་ཏན་འོད། བླ་མ་རྡོ་རྗེ་རྒྱལ་མཚན། བླ་མ་ཡེ་ཤེས་རྡོ་རྗེ། སྨུག་ལ་པཎ་ཆེན་ངག་དབང་གྲགས་པ། སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། མཁན་ཆེན་ངག་དབང་ཆོས་གྲགས། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ལྷ་མོ་ནམ་མཁའི་གོས་ཅན་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཇོ་བོ་རྗེ། འབྲོམ་སྟོན་པ། སྤྱན་སྔ་རིན་པོ་ཆེ། རྟོགས་ལྡན་སྡིང་པོ་བ། གཙང་པོ་རིན་པོ་ཆེ། འབེ་སངས་རྒྱས་བསྒོམ་པ། ཟེ་བ་སྟོན་པ། ཁམས་པ་ལུང་པ། སངས་རྒྱས་ཇོ་བོ། བཅུ་བཞི་པ་ཚུལ་ཁྲིམས་མགོན་པོ། ཚེས་བཅུ་པ་ཆོས་ཀྱི་རྡོ་རྗེ། རྒྱལ་སྟེང་གསེར་ཁང་པ་རིན་ཆེན་འཕེལ། རིན་པོ་ཆེ་ཚུལ་ཁྲིམས་དར་བ། ཆོས་ཀྱི་རྒྱལ་པོ། བསོད་ནམས་ལྷའི་