R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): 95
[A:95]བཟང་ཡབ་ཡུམ། ཌཱ་ཀི་སེང་གེའི་གདོང་ཅན། མཉམ་མེད་ཨུ་རྒྱན་ཡབ་ཡུམ། རྟོགས་ལྡན་སངས་རྒྱས་མགོན་པོ། རས་ཆེན་ཀུན་དར། ཀུན་དགའ་བཟང་པོ། བྱམས་པ་ཆོས་ཉི། པདྨ་གར་དབང་། གྲགས་པ་འོད་ཟེར། བཟང་པོ་རྒྱལ་མཚན། ཀུ་ས་ལི་པ་བསོད་ནམས་རྒྱ་མཚོ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཤངས་པ་བཀའ་བརྒྱུད་ལུགས་ཀྱི་བདེ་མཆོག་ལྷ་ལྔ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་། ཆོས་སྐུ་ཡེ་ཤེས་མཁའ་འགྲོ་མ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། མཉམ་མེད་རིན་ཆེན་བརྩོན་འགྲུས། དབོན་སྟོན་ཐུགས་རྗེ་ཆེན་པོ། གཉན་སྟོན་སྦས་པའི་སངས་རྒྱས། འགྲོ་མགོན་སངས་རྒྱས་སྟོན་པ། མཁས་གྲུབ་གཙང་མ་ཤང་སྟོན། མཁས་བཙུན་ཡོན་ཏན་རྒྱ་མཚོ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། བྱ་བྲལ་རི་ཁྲིད་རས་ཆེན། ཤང་དཀར་བ་རིན་ཆེན་རྒྱལ་མཚན། མཉམ་མེད་སངས་རྒྱས་དཔལ་བཟང་། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། རྒྱ་བསྒོམ་ལེགས་པ་རྒྱལ་མཚན། འཇམ་དབྱངས་ཀུན་དགའ་གྲོལ་མཆོག ངག་དབང་ཉི་ཟླ་བཟང་པོ། རྗེ་ངག་དབང་ཉི་མ། སྤྲུལ་སྐུ་ཀུན་དགའ་བསོད་ནམས། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །གྲུབ་ཐོབ་བརྒྱད་ཅུའི་རྗེས་གནང་སྔོན་དུ་འགྲོ་བས། དེ་དང་འབྲེལ་བའི་ཡིག་སྐོར། གྲུབ་ཐོབ་སོ་སོའི་ལོ་རྒྱུས་རྣམ་ཐར་དང་། རྗེས་གནང་གི་ཡི་གེ་སྔགས་འཆང་ཆོས་