R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): 136
[A:136]བུས། །བདག་ཏུ་འཛིན་པའི་དགྲ་བོའི་མགོ་མནན་ནས། །དེ་ཉིད་དྲུངས་ནས་འབྱིན་ཕྱིར་དོན་དམ་གྱི། །བྱང་སེམས་ཟབ་མོའི་ཉམས་ལེན་འདི་ལྟར་བྱ། །ང་འོ་སྙམ་པའི་འཛིན་སྟངས་དེའི་གཟུང་བྱར། །གྱུར་པའི་བདག་དེ་མིང་ལུས་སེམས་གསུམ་པོ། །གང་ཡིན་མིང་ནི་སྔོན་ནས་མེད་པས་ན། །ཕྱིས་ནས་བཏགས་པ་ཙམ་ཡིན་ལུས་འདི་ནི། །ཕ་མའི་ཁུ་ཁྲག་ལས་སྐྱེས་གློ་བུར་བ། །སེམས་ནི་སྐྱེ་འགག་མེད་པ་ནམ་མཁའ་དང་། །རྣམ་དབྱེར་མེད་པས་བཙལ་ཀྱང་རྙེད་མི་འགྱུར། །དེས་ན་མིང་ལུས་སེམས་གསུམ་བདག་མིན་ཡང་། །འཁྲུལ་པས་གྲིབ་མ་འདྲེ་རུ་བཟུང་བ་ལྟར། །རང་གི་ཉེར་ལེན་ཕུང་པོ་ལ་དམིགས་ནས། །ང་མེད་ང་དང་བདག་མེད་བདག་བཟུང་བ། །ཁོ་ནར་ཤེས་ནས་གང་ཟག་བདག་འཛིན་སྤངས། །དེ་བཞིན་འཁོར་འདས་ཆོས་ཀུན་རྨི་ལམ་བཞིན། །སེམས་ཉིད་འཁྲུལ་སྣང་ཙམ་ཡིན་དོན་ལ་མེད། །རྨི་ལམ་འཁྲུལ་པའི་ཕྱིར་ན་རྨི་ལམ་ཉིད། །རྨི་བ་པོ་ཡི་སེམས་ཀྱང་འཁྲུལ་སྣང་སྟེ། །དེས་ན་གཟུང་འཛིན་སོ་སོར་མ་གྲུབ་པས། །གཉིས་སྟོང་སེམས་དེའང་གཞི་རྩ་བྲལ་བས་ན། །གཉིས་འཛིན་གཉིས་མིན་ལ་སོགས་མུ་བཞི་ཡིས། །སྟོང་པར་ཤེས་པས་ཆོས་ཀྱི་བདག་འཛིན་སྤངས། །དགག་བྱ་མཐའ་བཞི་མ་གྲུབ་དེ་ཡི་ཕྱིར། །དེ་བཞི་བཀག་པའི་དབུས་ཀྱང་མི་རྙེད་པས། །མྱོང་ཡང་བརྗོད་མི་ཤེས་པའི་བློ་འདས་ཀྱི། །གནས་ལུགས་དབྱིངས་ལ་གསལ་བཞག་མེད་པར་བཞག །སེམས་མེད་སེམས་ཀྱིས་སེམས་ལ་བལྟ་ཤེས་ན། །མཐོང་མེད་མཐོང་བས་སེམས་ཀྱི་དོན་མཐོང་འགྱུར། །སྒོམ་མེད་བསྒོམ་པའི་ཚུལ་དུ་བསྒོམ་བསྐྱངས་པས། །གྲོལ་མེད་གྲོལ་བས་སེམས་