R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): 135
[A:135]ཇི་འདྲར་འགྱུར་སྙམ་བསམ། །ཚེ་འདིར་རང་གིས་དགེ་སྡིག་གང་བསགས་པ། །ལས་དེའི་དབང་གིས་ཕྱི་མ་རིགས་དྲུག་ལུས། །དབང་མེད་བླངས་ནས་བདེ་སྡུག་མྱོང་འགྱུར་བས། །སྡིག་ལ་འཛེམས་ཤིང་དགེ་ལ་འབད་པར་རིགས། །སྐྱེ་དང་རྒ་དང་ན་དང་འཆི་བ་ཡི། །ཆུ་ཆེན་བཞི་འབབ་ལས་ཉོན་ཆུ་སྲིན་བརྒྱས། །གཟིར་བའི་བརྒལ་དཀའ་འཁོར་བའི་མཚོ་ཆེན་ལས། །ཐར་ཐབས་ཆོས་ལས་མེད་པས་དེ་ལ་འབད། །བདེ་བའི་སྐབས་བྲལ་སྲིད་པའི་བཙོན་ར་འདིར། །བཟོད་མེད་སྡུག་བསྔལ་གྱིས་གཟིར་སེམས་ཅན་རྣམས། །ཚེ་སྔོན་ཕན་བཏགས་ཕ་མར་ཤེས་བྱས་ནས། །རྒྱུན་ཆད་མེད་པར་བྱམས་དང་སྙིང་རྗེ་བསྒོམ། །དམིགས་མེད་སྙིང་རྗེའི་དབང་གིས་འགྲོ་བ་ཀུན། །སྲིད་དང་ཞི་བའི་འཇིགས་ལས་བསྐྱབ་པའི་ཕྱིར། །མྱུར་དུ་སངས་རྒྱས་ཐོབ་འདོད་སྨོན་པའི་སེམས། །ཁ་ཙམ་མིན་པ་སྙིང་ནས་ཡང་ཡང་བསྐྱེད། །རྒྱུན་ཆད་མེད་པར་འཁོར་བར་འཁྱམས་པའི་རྒྱུད། །རང་ཉིད་གཅེས་འཛིན་འགོང་པོ་འདི་ཁོ་ན། །མ་གཏོགས་སྡུག་བསྔལ་ལན་རྩ་གཞན་མེད་པས། །བདག་འཛིན་དགྲ་བོ་འདུལ་ལ་འབད་པར་གཅེས། །བཅོས་མིན་སྙིང་རྗེ་ཆེན་པོས་མཚམས་སྦྱར་ནས། །མཁའ་ཁྱབ་འགྲོ་རྣམས་བདག་གི་མདུན་དམིགས་ཏེ། །དེ་དག་སྡིག་སྡུག་བདག་ལ་ལེན་པ་དང་། །རང་གི་བདེ་དགེ་འགྲོ་ལ་གཏང་བར་བྱ། །དེ་ལྟར་སངས་རྒྱས་བསྟན་པའི་སྙིང་པོ་ཡི། །ཉམས་ལེན་རྒྱུན་དེ་རྟག་ཏུ་དྲན་བྱ་ཞིང་། །རང་དོན་གཡོ་སྒྱུ་སྤངས་པའི་བསམ་སྦྱོར་གྱིས། །དངོས་བརྒྱུད་སྒོ་ནས་གཞན་དོན་ཅི་ནུས་བསྒྲུབ། །ཀུན་རྫོབ་བྱང་སེམས་ཉམས་ལེན་དེ་ལྟ་