[A:༩བ]བཟང་། ཡབ་རྗེ་སྦས་པའི་སངས་རྒྱས། དེས་བདག་ལའོ། ༈ །གུར་གྱི་མགོན་པོའི་སྲུང་འཁོར་མདུན་གང་མ་དང་། སེར་བ་སྲུང་བ། མདུན་གང་མ་འཕགས་པའི་སྲུང་འཁོར་གྱི་ཞལ་ཤེས་རྣམས་དང་། མགོན་དཀར་གྱི་ཚེ་ཁྲིད་ཟབ་མོའི་ལུང་ཡང་ཐོས་སོ། ༈ །ཡང་རྗེ་བཙུན་ཐུགས་རྗེ་ཅན་དེ་ཉིད་ཀྱི་དྲུང་དུ་སྔགས་འཆང་ཆེན་པོས་མཛད་པའི་གུར་གྱི་མགོན་པོ་ཁྲོ་བཅུའི་སྲུང་འཁོར་བར་ཆད་ཀུན་སེལ་གྱི་ལུང་དང་། དེའི་དགོངས་དོན་རྣམས་ལྗགས་སྟེང་ནས་ཤིན་ཏུ་རྒྱས་ཤིང་ཞིབ་པར་ནོས་ཤིང་། ཡང་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་འཁོར་དང་བཅས་པ་མཁའ་འགྲོ་སྦགས་སྒྲུབ་ཀྱི་ཚུལ་དུ་སྒྲུབ་པའི་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་ནང་ཁྲིད་དུ་གྲགས་པ་འཇམ་སྒྲུབ་རྩུབ་སྒྲུབ་ཞར་བྱུང་གི་མན་ངག་དང་བཅས་པའི་ཁྲིད་ཡིག་སྔགས་འཆང་ཆེན་པོས་མཛད་པའི་གཞན་ཕན་རྒྱས་བྱེད་ཀྱི་ལུང་ཁྲིད་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བྲམ་ཟེ་མཆོག་སྲེད། བདེ་བའི་རྡོ་རྗེ། ཤདྡྷ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ། མལ་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རྩེ་མོ། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། དྲིན་ཅན་སེང་གེ་བཟང་པོ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཡར་ཀླུང་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག བདག་ཆེན་ནམ་མཁའ་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། བླ་མ་དམ་པ་དཔལ་ལྡན་རྒྱལ་པོ། འཇམ་དབྱངས་སངས་རྒྱས་རིན་ཆེན། སྤྱན་ཚབ་པ་ཚུལ་ཁྲིམས་བཟང་པོ། འཕགས་ཆེན་དཔལ་ལྡན་བཀྲ་