R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠བ
[A:༡༠བ]ནམ་མཁའ་རྒྱལ་མཚན། རྒྱ་དཀར་ཤེས་རབ་རྒྱལ་མཚན། འཇམ་དབྱངས་ས་སྐྱ་ལོ་ཙཱ་བ། སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས། དེས་བདག་ལའོ། །ཡང་ན། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཡན་སྔར་དང་འདྲ་བ་ལས། དེ་ནས་དཔལ་ཚུལ། ཤར་ཆེན་དང་གྲུབ་ཆེན་བུདྡྷ་ཤྲཱི་གཉིས་ཀས་རྗེས་སུ་བཟུང་བ་ངོར་ཆེན་ཀུན་བཟང་། མུས་ཆེན་དཀོན་མཆོག་རྒྱལ། རྒྱལ་ཚབ་ཀུན་དབང་། ཀུན་མཁྱེན་བསོད་སེང་། འདྲེན་མཆོག རྗེ་སངས་རྒྱས་རིན་པ། འཇམ་དབྱངས་ས་སྐྱ་ལོ་ཙཱ་མན་སྔར་དང་འདྲའོ། །གུར་མགོན་ལྷ་བརྒྱད་ཀྱི་རྗེས་གནང་དང་། ཞལ་བཞི་པ་བསྙེན་དུས་ཀྱི་རྗེས་གནང་གི་ཡིག་ཆ་སྔགས་འཆང་ཆེན་པོས་མཛད་པའི་ལུང་ཡང་ནོས་སོ། ༈ །འཕྲིན་ལས་རབ་ཏུ་མྱུར་པའི་དམ་ཅན་པུ་ཏྲ་ཆེན་པོའི་རྗེས་གནང་ཟུར་བཀའ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཕགས་པ་ཀླུ་སྒྲུབ། སློབ་དཔོན་པདྨ་འབྱུང་གནས། པཎྜི་ཏ་དྷརྨ་པཱ་ལ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། བླ་མ་མལ་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། དམ་པ་ཀུན་དགའ་གྲགས། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་