[A:༡༡ན]ཆེན་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ་བ། ས་ལོ་འཇམ་དབྱངས་ཆེན་པོ། སྦས་པའི་རྣལ་འབྱོར་གྲུབ་ཆེན་དཔལ་ལྡན་བཀྲ་ཤིས། སྔགས་འཆང་ཆོས་ཀྱི་རྒྱལ་པོ། ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས། དེས་བདག་ལའོ། །པུ་ཏྲའི་རྗེས་གནང་ཟུར་བཀའ་རྒྱས་བསྡུས་བྱ་ཚུལ་གྱི་ཡི་གེ་སྔགས་འཆང་ཆེན་པོས་མཛད་པའི་ལུང་ཡང་ནོས་སོ། ༈ །བྲན་བདུད་གཤིན་རྗེ་ནག་པོ་ཡབ་ཡུམ་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ་བདེ་བའི་རྡོ་རྗེ། ཤ་དྡྷ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་གྱོ་ལོ་ཙཱ་བ་བློ་གྲོས་གྲགས་པ། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། དོ་པ་སྟོན་ཚུལ། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། ཡར་ལུང་པ་སེང་གེ་རྒྱལ་མཚན། ཚེམ་བུ་པ་དཔལ་ལྡན་བློ་གྲོས། དམར་སྟོན་རྒྱལ་མཚན་འོད་ཟེར། ཀུན་བཟང་རྩེ་པ། ལོ་ཆེན་རིན་ཆེན་ཆོས་ཀྱི་རྒྱལ་པོ། ས་ལོ་འཇམ་པའི་རྡོ་རྗེ། སྔགས་འཆང་ཆོས་ཀྱི་རྒྱལ་པོ། ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས། དེས་བདག་ལའོ། །བྲན་བདུད་ཀྱི་རྗེས་གནང་གི་ཡི་གེ་སྔགས་འཆང་ཆེན་པོས་མཛད་པའི་ལུང་ཡང་ནོས་སོ། ༈ །དཔལ་ནོར་སྐྱོང་གི་བདག་པོ་དུར་ཁྲོད་ཀྱི་བདག་པོ་