R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤བ
[A:༤བ]རར་འཁྲུངས་པ།
ས་སྐྱ་པཎྜི་ཏ་ཆེན་པོ། ཁང་སྟོན་འོད་ཟེར་རྒྱལ་མཚན། ཆོས་རྗེ་མཉམ་མེད་པ། སྔགས་འཆང་གཟུངས་དཔལ། ཆོས་རྗེ་དགེ་བཟང་པ། ཆོས་རྗེ་ཨཱ་ནནྡ་པ། གྲུབ་ཆེན་ཆོས་ཀྱི་རིན་ཆེན། སེམས་དཔའ་ཆེན་པོ་བརྩོན་འགྲུས་རྒྱ་མཚོ། ཆོས་རྗེ་ཆོས་རྒྱལ་དཔལ་འབྱོར། མཁན་ཆེན་ནམ་མཁའ་དབང་ཕྱུག དཔལ་ས་སྐྱ་པ་ཆེན་པོ་འཇམ་མགོན་གྲུབ་པའི་འཁོར་ལོ་བསྒྱུར་བ་བསོད་ནམས་དབང་པོ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ།
དུས་ཕྱིས་དཔལ་ས་སྐྱའི་སྡེ་བསྟན་པ་གདུང་བརྒྱུད་དང་བཅས་པའི་ཁུར་འདི་མི་བྱ་བ་མཐུ་མེད་བྱུང་བ་ནས། དགེ་ཚུལ་དང་ཚངས་སྤྱོད་དགེ་བསྙེན་གྱི་བསླབ་པ་འབུལ་ཚོགས་བགྱིས་ཏེ་ཡོངས་རྫོགས་དགེ་བསྙེན་རྡོ་རྗེ་འཛིན་པའི་མིང་བཏགས་ཙམ་དུ་གནས་པ་ལགས།
།ཡང་ན་ཁ་ཆེ་པཎ་ཆེན་གྱི་རྗེས་སུ། མཁན་ཆེན་རྡོ་རྗེ་དཔལ། མཁན་ཆེན་འོད་ཟེར་དཔལ། མཁན་ཆེན་བསོད་ནམས་དཔལ། མཁན་ཆེན་བཀྲས་ཚུལ། ཤར་པ་ཡེ་རྒྱལ། ངོར་ཆེན་ཀུན་བཟང་། བྱམས་ཆེན་རབ་འབྱམས་པ། འཇམ་དབྱངས་ཀུན་དགའ་ཆོས་བཟང་། སྤྱན་སྔ་ངག་དབང་ཆོས་གྲགས། གྲུབ་མཆོག་བསོད་ནམས་དབང་པོ། དེས་བདག་ལའོ། །ཡང་རྗེ་དེ་ཉིད་ཀྱི་དྲུང་དུ། དབུ་སེམས་ཀྱི་ལུགས་ལས་ཁྱད་པར་དུ་འཕགས་པའི་རྒྱུད་པ་གཉིས་ལྡན་གྱི་ཆོ་གའི་སེམས་བསྐྱེད་ཀྱི་སྡོམ་པ་ཐོབ་ནས། དེའི་ཡིག་ཆ་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ལུང་ཡང་ནོས་སོ། །དབང་གི་སྐོར་ལ། ཐོག་མར་གྲུབ་ཆེན་ཛཱེ་ཏ་རིའི་ལུགས་ཀྱི་མགོན་པོ་ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་རྒྱུད་པ་ནི། ཚེ་དཔག་མེད། སློབ་དཔོན་སྙིང་པོའི་ཞབས། ཛེ་ཏ་རི་དགྲ་ལས་རྣམ་