[A:༤ན]ཐོབ་པ་འདི་དོན་ཡོད་པར་བྱ་དགོས་པ་ལས། བདག་ཅག་གིས་ཡོངས་འཛིན་དམ་པ་རྣམས་ཀྱི་ཞབས་ཀྱི་པདྨོ་ལ་གཏུགས་ཏེ་དམ་པའི་ཆོས་ཀྱི་བདུད་རྩི་ཇི་ལྟར་ཐོས་པའི་ཚུལ་མདོ་ཙམ་ཞིག་བརྗོད་ན། གང་གི་ཞལ་གྱི་དཀྱིལ་འཁོར་མཐོང་ཙམ་གྱིས། །འགྲོ་ཀུན་དབང་དུ་བསྡུ་བའི་མཐུ་སྟོབས་ཅན། །པདྨ་འབྱུང་གནས་དུས་མཐར་དགེ་སློང་ཚུལ། །གྲུབ་མཆོག་བསོད་ནམས་དབང་པོར་སྙིང་ནས་འདུད། །ཅེས་པའི་བསྟོད་ཡུལ་དམ་པར་གྱུར་པ་བདག་ཅག་གི་འདྲེན་མཆོག །ས་གསུམ་གྱི་བླ་མ་དཔལ་ས་སྐྱ་པ་ཆེན་པོ་འཇམ་པའི་དབྱངས་བྱམས་པ་དཔལ་ངག་དབང་བསོད་ནམས་དབང་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་བའི་དྲུང་དུ། རང་ལོ་བཅུ་བཞིར་སླེབས་པ་འཕགས་པའི་ཡུལ་ན་ཐུན་མོང་ཞེས་གྲགས་པ་ལྕགས་ཕོ་ཁྱིའི་ལོ་དབོ་ཟླ་བའི་ཡར་ངོའི་གྲལ་ཚེས་བཅུ་བཞིའི་ཉིན་དཔལ་ས་སྐྱའི་དབུ་རྩེ་རྙིང་མར་བསྟན་པའི་རྩ་བ་སོ་སོར་ཐར་པ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་རྣམ་པར་དག་པ་ཐོབ་པའི་བརྒྱུད་པ་ནི། ཡང་དག་པ་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་དབང་པོ། ཤཱི་རི་པུ་ཏྲ།
རྒྱལ་པོའི་ཁབ་ཤིང་ཐག་ཅན་དུ་འཁྲུངས་པ།
སྲས་སྒྲ་གཅན་འཛིན།གྲོང་ཁྱེར་སེར་སྐྱར།
བྲམ་ཟེ་སྒྲ་གཅན་འཛིན།རཱ་ཌར་འཁྲུངས་པའི་ས་ར་ཧ་ཡིན།
འཕགས་པ་ཀླུ་སྒྲུབ།ལྷོ་ཕྱོགས་བཻ་ཏའི་ཡུལ།
གུ་ཎ་མི་ཊ།འདིས་དབུ་མ་རྩ་ཤེས་ལ་འགྲེལ་པ་མཛད།
རིན་ཆེན་བཤེས་གཉེན།ལམ་འབྲས་ཀྱི་ལོ་རྒྱུས་སུ་དྷརྨཱ་མི་ཏྲར་བཤད།
དཔལ་ལྡན་ཆོས་སྐྱོང་།ཟླ་བའི་གྲོང་དུ་འཁྲུངས་པའི་བི་རུ་པ་ཡིན།
གུ་ཎ་པ་རི། ཆོས་ཀྱི་ཕྲེང་བ། འབྱུང་གནས་སྦས་པ།དྲན་པ་ཉེར་བཞག་ཕྱིས་འགྱུར་གྱི་པཎྚི་ཏ།
པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི།ཁ་ཆེ་ཁྲི་བརྟན་གྱི་གྲོང་ཁྱེར་སྲ་ལྭ་རང་