[A:༡༧བ]བའི་སྙིང་པོའི་ཚིག་ལེའུར་བྱས་པ་དང་། ༩༡ རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ་གཉིས་ཀ་ཀླུ་སྒྲུབ་གྱིས་མཛད་པ་འགྱུར་བྱང་མེད་པ། ༩༢ རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་ཀླུ་སྒྲུབ་ཀྱིས་མཛད་པ། ༩༣ ཁ་ཆེ་ཤྲཱི་ཐ་ར་ཐ་དང་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། བྱང་ཆུབ་སེམས་འགྲེལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རབ་ཞི་བཤེས་གཉེན་གྱིས་བསྒྱུར་བ་ལ་གཞི་བྱས། ༩༤ གོ་རུབ་ཆོས་ཀྱི་ཤེས་རབ་དང་། སེང་དཀར་ཤཱཀྱ་འོད་དང་། ཤེས་རབ་གྲགས་དང་། མར་པ་ཆོས་དབང་དང་། པ་ཚབ་ཉི་མ་གྲགས་དང་། གྲགས་འབྱོར་ཤེས་རབ་ཀྱི་འགྱུར་རྣམས་ལས་དོན་གང་བཟང་རྣམས་ཕྱོགས་གཅིག་ཏུ་བསྡུས་པ། བླ་ན་མེད་པར་བསྟོད་པ་ཀླུ་སྒྲུབ་ཀྱིས་མཛད་པ། ༩༥ ཤཱཀྱ་འོད་ཀྱི་འགྱུར། སྲིད་པ་ལས་འདས་པར་བསྟོད་པ་ཀླུ་སྒྲུབ་ཀྱིས་མཛད་པ། ༩༦ ཤྲཱི་ཐ་ར་ཐ་དང་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། ཡོན་ཏན་མཐའ་ཡས་པས་བསྟོད་པ་དཀོན་མཆོག་འབངས་ཀྱིས་མཛད་པ། ༩༧ སརྦ་ཛྙཱ་དེ་ཝ་དང་རིན་ཆེན་མཆོག་གི་འགྱུར་ལ་དཔལ་བརྩེགས་ཀྱིས་བཅོས་པ། ཡོན་ཏན་མཐའ་ཡས་པའི་བསྟོད་པའི་འགྲེལ་པ་ཕྱོགས་གླང་གིས་མཛད་པ། ༩༨ ལོ་པཎ་སྔ་མ་དེ་རྣམས་ཀྱིས་བསྒྱུར་ཅིང་བཅོས་པ། ཡོན་ཏན་མཐའ་ཡས་པར་བསྟོད་པའི་དོན་གྱི་ཚིག་ལེར་བྱས་པ་ཕྱོགས་གླང་གིས་མཛད་པ་ལོ་པཎ་འདྲ། ༩༩ ཁྱད་པར་འཕགས་བསྟོད་ཐོ་བཙུན་གྲུབ་རྗེས་མཛད་པ། ༡༠༠ ལྷ་ལས་ཕྱུང་དུ་བྱུང་བར་བསྟོད་པ་བདེ་བྱེད་བདག་པོས་མཛད་པ་གཉིས་ཀ་སརྦ་ཛྙཱ་དེ་ཝ་དང་རིན་ཆེན་མཆོག་གིས་བསྒྱུར་བ་ལ་དཔལ་རྩེགས་ཀྱིས་བཅོས་པ། སྐྱབས་འགྲོ་བདུན་