R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༨ན
[A:༡༨ན]ཅུ་པ་ཟླ་བ་གྲགས་པས་མཛད་པ་ཇོ་བོ་རྗེ་དང་རིན་ཆེན་བཟང་པོའི་འགྱུར། སྐྱབས་འགྲོ་ཡན་ལག་དྲུག་པ་བི་མ་ལས་མཛད་པ་འགྱུར་བྱང་མེད་པ། དྲི་མ་མེད་པ་རིན་པོ་ཆེའི་འཕྲིན་ཡིག་ཅེས་བྱ་བ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། དེ་ཉིད་དང་ཚུལ་ཁྲིམས་རྒྱལ་པོའི་འགྱུར་ཏེ་རྗེས་དྲན་གསུམ་སོ་སོར་བྱས་པའི་ཆོས་ཀྱི་རྣམ་གྲངས་བརྒྱ་དང་གསུམ་ཡོད་པ་ཐོབ་པའི་བརྒྱུད་པ་ནི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། པུ་ཏོ་བ་རིན་ཆེན་གསལ། ཤ་ར་བ་ཡོན་ཏན་གྲགས། ཆུ་མིག་པ་ཤེས་རབ་གྲགས། གྲོ་སྟོན་བདུད་རྩི་གྲགས། སངས་རྒྱས་བསྒོམ་པ་སེང་གེ་སྐྱབས། མཆིམ་ནམ་མཁའ་གྲགས། རྒྱང་རོ་བྱང་ཆུབ་འབུམ། མཆིམས་བློ་བཟང་གྲགས་པ།
བརྒྱུད་ཡིག་གཞན་ལས་གྱང་རོ་བྱང་ཆུབ་འབུམ་མཁན་ཆེན་བློ་བཟང་པའི་རྗེས་ལ་འབྱུང་ཡང་། མཆིམ་གྱི་རྣམ་ཐར་ལྟར་ན་འདི་བཞིན་ཡིན།
ཡོལ་སྟོན་བསོད་ནམས་ལྷུན་གྲུབ། སློབ་དཔོན་གྲགས་པ་རྒྱ་མཚོ། མཁན་ཆེན་གྲུབ་པ་ཤེས་རབ། རྒྱ་སྟོན་ཙནྟྲ་དེ་བ། རི་ཁྲོད་པ་བསོད་ནམས་རྒྱ་མཚོ། འཇམ་དབྱངས་ཤེས་རབ་རྒྱ་མཚོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། འདྲེན་མཆོག་དཀོན་མཆོག་འཕེལ། རྗེ་དཀོན་མཆོག་ལྷུན་གྲུབ། སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན། ཡབ་རྗེ་གྲགས་པའི་མཚན་ཅན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་འདྲེན་མཆོག་དཀོན་མཆོག་འཕེལ་ཡན་གོང་དང་འདྲ་བ་ལས། དེ་ནས་རྒྱལ་བ་ལྷ་མཆོག་སེང་གེ རྗེ་ཤེས་རབ་རྒྱལ་མཚན། རྗེ་ནམ་མཁའ་དཔལ་བཟང་། ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་