R366: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་མཚུངས་མེད་གྲགས་པ་བློ་གྲོས་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༦བ
[A:༦བ]བ་མ་ཏཾ་གི་པ། ཏེ་ལོ་པ། ནཱ་རོ་པ། མར་པ་ལོ་ཙཱ་བ། འཚུར་དབང་གི་རྡོ་རྗེ། འཁོན་གད་པ་ཀིརྟི། མཁན་པོ་བྱ་ཁང་པ་བསོད་ནམས་རིན་ཆེན། མཁན་པོ་ཐུར་ལ་པ་ཚུལ་ཁྲིམས་སྐྱབས། མཁན་པོ་ཐང་སྤེ་བ་འཕགས་པ་སྐྱབས། གྲུབ་ཐོབ་གསེར་སྡིང་པ་གཞོན་ནུ་འོད། ཐམས་ཅད་མཁྱེན་པ་ཆོས་སྐུ་འོད་ཟེར། འཕགས་འོད་མན་འདྲའོ། །མཁས་པ་པཎྜི་ཏའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཨིནྡྲ་བྷུ་ཏི། ཀླུ་ལས་གྱུར་པའི་རྣལ་འབྱོར་མ། རྒྱལ་པོ་བི་སུ་ཀལྤ། བྲམ་ཟེ་ས་ར་ཧ། ཀླུ་སྒྲུབ། དེའི་ཐུགས་སྲས་བཞི། ཉེ་སྲས་གསུམ་སྟེ་བདུན་ནི། འཇམ་དཔལ་ཞལ་མཐོང་ཤཱཀྱ་མི་ཏྲ། སྒྲོལ་མ་ཞལ་གཟིགས་ནཱ་ག་བོ་དྷི། ས་བརྒྱད་ནོན་པ་ཨརྻ་དེ་ཝ། སྤྱན་རས་གཟིགས་ཞལ་མཐོང་མ་ཏིངྒ་པ། ཉེ་བ་གསུམ་ནི། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོ་དང་གསུམ་མོ། ཡང་མ་ཏངྒི་པ། ཏེ་ལོ་པ། ནཱ་རོ་པ། མར་པའོ། །ཡང་ཀླུ་སྒྲུབ་ཀྱིས་མ་ཏངྒི་པ། ཟླ་གྲགས། རིག་པའི་ཁུ་བྱུག ཨ་ཝ་དྷུ་ཏི་པ། སྤྱོད་པའི་རྡོ་རྗེ། ནག་པོ་ཞབས། དྲི་མེད་བློ་གྲོས། དཔལ་ཡེ་ཤེས་སྙིང་པོས་མར་པ་ལ་གདམས་ཏེ། མར་པ་ལ་འཕགས་སྐོར་གྱི་རྒྱུད་འགྲེལ་པ་དང་། རྒྱུད་རྐྱང་། བཤད་རྒྱུད་ལྔ་གཞུང་ཕྲན་དང་བཅས་པ་དང་། ཡེ་ཤེས་ཞབས་ལུགས་སོགས་དང་བཅས་པ་ལ་རྒྱ་གར་ན་འགྲེལ་པ་ཉེར་གསུམ། ཇོ་བོས་ཉེར་ལྔ་ཙམ་གསན་གསུངས་སྐད། བོད་ན་བདུན་ཟེར་ཡང་མང་དུ་སྣང་། མར་པ་ལ་ཛ་ཡ་ན། ཐ་ག་ན། སྙིམ་ཏོག་གསུམ་ཡོད། སྤྱིར་རྒྱ་གར་དུ་ལན་གསུམ། བལ་པོར་ལན་བཞི་སྟེ་བདུན། ཤར་ནུབ་ལྷོ་བྱང་ཁ་