R366: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་མཚུངས་མེད་གྲགས་པ་བློ་གྲོས་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༧ན
[A:༧ན]ཆེ། བལ་པོའི་པཎྜི་ཏ་དང་། ཀུ་ས་ལི་གྲགས་ཚད་ལ་བླ་མ་བརྒྱ་རྩ། བརྒྱུད་པ་འཛིན་ངེས་ལྔ་བཅུ་རྩ་བརྒྱད། སྣང་བ་འགྱུར་ངེས་བཅུ་གསུམ། འདུས་པ་ལ་མཁས་པའི་བླ་མ་བདུན་གྱི་ནང་ནས་ནུབ་ཁུ་ལ་ཀྵེ་ཏྲའི་གཙུག་ལག་ཁང་ན་གནས་པ་དཔལ་ཡེ་ཤེས་སྙིང་པོ་ལས་འདུས་པའི་དབང་རྒྱུད་གདམས་པའི་བཀའ་བབས། ཁྱད་པར་དུ་མར་པའི་བུ་བཞིའི་ནང་ནས་འཚུར་དབང་ལ་ནཱ་རོ་པའི་དབང་དང་རྒྱུད་རྐྱང་གདམས་པར་བཅས་པ་གདམས། དེའི་རྗེས་གད་པ་ཀིརྟི། དེ་ལ་མི་ཉག་ཐུར་ལ་པ། དབུས་པ་མགར་དགེ གྲུབ་ཐོབ་ཞང་གཞུང་པ། དེས་ཐུགས་སྲས་གསུམ་ལ། གང་བར་གསེར་ཁའི་རིན་ཆེན་གླིང་པ་ལ་ཚུལ་ཁྲིམས་མཛེས། བླ་མ་རྒྱ་རྣལ་འབྱོར་ཕོ་བ་ལུང་པ། དགེ་སློང་ཆོས་གྲགས་དཔལ་བཟང་། བླ་མ་ཤཱཀ་གཞོན། བླ་མ་བློ་ལྡན། བླ་མ་འཕགས་པ། བུ་སྟོན་སོགས་མན་གོང་དང་འདྲའོ། ༈ །ཇོ་བོའི་ལུགས་ཀྱི་དབང་བཀའི་བརྒྱུད་པ་ནི། །རྡོ་རྗེ་འཆང་བདག་ཨིནྡྲ་བྷུ་ཏི་ཆེ། །ནཱ་གར་ཛོ་གི་བྲམ་ཟེ་ས་ར་ཧ། །ནཱ་གརྫུ་ན་ཟླ་བ་གྲགས་པ་དང་། །ཀུ་ས་ལི་གཉིས་ཇོ་བོ་ཨ་ཏི་ཤ །རོང་པ་མགར་དགེ་ལྷ་རྗེ་སྟོད་པ་དང་། །ཤེས་རབ་རྒྱལ་པོ་ཤེས་རབ་གཙུག་ཏོར་དང་། །ལྷ་རྗེ་ཆེན་པོ་ཐང་སྟོད་ཆོས་ཀྱི་འོད། །བླ་ཆེན་ཀློག་ཀྱ་བསོད་ནམས་རྒྱལ་མཚན་དང་། །ཀུན་དགའ་རྒྱལ་མཚན་དཔལ་ལྡན་གྲགས་པ་དཔལ། །འདུས་པའི་དབང་དང་གཞུང་ཕྲན་ལུང་ཐོབ་བྱས། །ཕྱིས་ནི་བླ་མ་བསྒོམ་ཡེའི་ཞབས་དྲུང་དུ། །བདེ་དགེས་གསང་འདུས་རྒྱུད་འབྲེལ་ཕྲན་བཅས་ཐོབ། །ཁོང་ལ་འཕགས་པས་རྒྱུད་འགྲེལ་ཕྲན་བཅས་གསན། །དེ་ལ་བུ་སྟོན་མན་ཆད་གོང་