[A:༡༢བ]གྲགས་པ་བློ་གྲོས། དེས་བདག་ལའོ། །འདིའི་རྗེས་གནང་གི་ཡི་གེ མཆོད་གཏོར་འབུལ་ཚུལ། བསྐང་གསོ་རྒྱས་བསྡུས་རྣམས་སྔགས་འཆང་ཆེན་པོས་མཛད་པའི་ལུང་ཡང་ཐོས་སོ། ༈ །ཡང་ཡབ་རྗེ་སྦས་པའི་སངས་རྒྱས་དེ་ཉིད་ཀྱི་དྲུང་དུ། དཔལ་མོ་ལུགས་ཀྱི་སྙུང་གནས་ཀྱི་ཆོ་ག་ཐོབ་པའི་བརྒྱུད་པ་ནི། སྤྱན་རས་གཟིགས། དགེ་སློང་མ་དཔལ་མོ། པཎྜི་ཏ་ཟླ་བ་གཞོན་ནུ། ཡེ་ཤེས་བཟང་པོ། བལ་པོའི་པཎྜི་ཏ་པེ་ཉ་བ། བྱང་སེམས་ཟླ་བ་རྒྱལ་མཚན། གྲུབ་ཐོབ་ཉིང་ཕུག་པ། སྲུ་པ་རྡོ་རྗེ་རྒྱལ་པོ། །ཞང་སྟོན་དགྲ་འཇིགས། རྩི་འདུལ་བ། བདེ་བ་ཅན་པ། ཆུ་བཟང་པ། རིན་པོ་ཆེ་ཤེས་རབ་འབུམ། རྒྱལ་སྲས་ཐོགས་མེད་པ། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ཀུན་སྤངས་ཆོས་ཀྱི་རིན་ཆེན། བྱང་སེམས་བསོད་ནམས་རིན་ཆེན། མཚུངས་མེད་རི་ཁྲོད་པ་ཀུན་དགའ་མཆོག་ལྡན། རྗེ་བཙུན་དཀོན་མཆོག་ལྷུན་གྲུབ། སྔགས་འཆང་ཆོས་ཀྱི་རྒྱལ་པོ། ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས། དེས་བདག་ལའོ། །འཇིག་རྟེན་དབང་ཕྱུག་གི་གཞུང་བཞི་ཉམས་སུ་ལེན་ཚུལ་ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པ་དང་། བྱ་བཏང་ཀུན་དགའ་མཆོག་ལྡན་གྱིས་མཛད་པའི་སྙུང་གནས་ཆོག་བསྒྲིགས་ཀྱི་ལུང་ཡང་ཐོས་སོ། ༈ །གདོན་སྒྲོལ་གྱི་མན་ངག་ཟབ་མོའི་ཆོ་ག་ཐོབ་པའི་བརྒྱུད་པ་ནི། ཤདྡྷ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། བླ་མ་མལ་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། གཉན་གཙུག་ཏོར་རྒྱལ་པོ། རྗེ་བཙུན། ས་པཎ། ཤར་པ་ཡེ་འབྱུང་། ཤར་པ་དུས་འཁོར་བ། ཀུན་དགའ་བྱང་