[A:༡༣ན]ཆུབ། མཁན་པོ་རྒྱལ་བཟང་པ། བླ་མ་གྲགས་པ་དཔལ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྗེ་ཀུན་དགའ་དབང་ཕྱུག་པ། འདྲེན་མཆོག་རཏྣ་ཝརྡྷ། རྗེ་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་ནས་ནམ་མཁའ་དཔལ་བཟང་། ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས། དེས་བདག་ལའོ། །ཡང་ན་ངོར་ཆེན་ཐམས་ཅད་མཁྱེན་པ། པཎ་ཆེན་གྲགས་རྒྱལ། མཁན་ཆེན་ལེགས་འབྱུང་། འཇམ་དབྱངས་ཀུན་དགའ་བསོད་ནམས། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲའོ། །གདོན་སྒྲོལ་གྱི་ཆོ་ག་ཐར་རྩེ་ནས་ནམ་མཁའ་དཔལ་བཟང་གིས་མཛད་པའི་རིན་ཆེན་ཕྲེང་མཛེས་ཀྱི་ལུང་ཡང་ནོས་སོ། ༈ །སློབ་དཔོན་ཆེན་པོ་ཨ་བྷྱ་ཀ་རས་མཛད་པའི་རྡོ་རྗེ་ཕྲེང་བར་གསུངས་པའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ཀྱི་སྒྲུབ་ཐབས་རྣལ་འབྱོར་རྫོགས་ཕྲེང་། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ། སྦྱིན་བསྲེག་འོད་ཀྱི་སྙེ་མ་སྟེ་རྒྱ་གཞུང་གསུམ་གྱི་ལུང་ཐོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། འཇིག་མེད་འབྱུང་གནས་སྦས་པ། དཔེ་མེད་བསྲུང་། རྣམ་པར་གྲགས་པའི་ལྷ། པཎ་ཆེན་ཤཱཀྱ་ཤྲཱི། དེའི་དབོན་ཆུང་བྷུ་མི། དེ་སྲས་མི་བ་ལ་ཤྲཱི་བྷ་དྲ། མང་མཁར་ལོ་ཙཱ་བ་བྱང་ཆུབ་སེང་གེ སྐྱི་སྟོན་གྲགས་རྒྱལ། ཀུན་མཁྱེན་དོལ་བུ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། བྱས་འགྱུར་བ་བསོད་ནམས་སེང་གེ ཆོས་རྗེ་རྡོ་རྗེ་སེང་གེ མཁས་གྲུབ་ཤཱཀྱ་འོད་ཟེར། རྗེ་བུདྡྷ་སིངྷ། ཐར་རྩེ་ནས་ནམ་མཁའ་དཔལ་བཟང་། ཡབ་རྗེ་སྦས་