[A:༡༨བ]གྲོས། དེས་བདག་ལའོ། །ཡང་ན་རྗེ་ནམ་མཁའ་དཔལ་བཟང་པའི་རྗེས་སུ་རྗེ་ཤར་པ་ཀུན་དགའ་བཀྲ་ཤིས། རྒྱལ་ཚབ་གངྒཱ་ན་བུདྡྷ། བླ་མ་དྷརྨཱ་བ། ཆོས་ཀྱི་རྗེ་མཧོ་སཱདྡྷ་ཡ་རཏྣ། དེས་བདག་ཨ་ནནྡ་ལའོ། །ཡང་གསོ་བྱེད་ཀྱི་ཆོས་སྐོར་ལ། རྩ་བའི་རྒྱུད་ལེའུ་དྲུག་དང་། བཤད་པའི་རྒྱུད་ལེའུ་སུམ་བཅུ་སོ་གཅིག་དང་། མན་ངག་གི་བརྒྱུད་པ་ལེའུ་དགུ་བཅུ་གོ་གཉིས་དང་། ཕྱི་མ་རྒྱུད་ལ་ལེའུ་ཉི་ཤུ་རྩ་ལྔ་དང་། མཇུག་དོན་ཡོངས་སུ་གཏད་པ་ལེའུ་གཉིས་ཏེ་ཡོངས་སུ་དྲིལ་བས་ལེའུ་བརྒྱ་དང་ལྔ་བཅུ་ང་དྲུག་ཡོད་པ་ཐོབ་པའི་བརྒྱུད་པ་ནི། བུདྡྷོ་ཥ་དྷི་གུ་རུ།
སངས་རྒྱས་སྨན་གྱི་བླ།
བི་དྱ་ཀུ་མ་ར།འཚོ་བྱེད་གཞོན་ནུ།
བཱི་ཎ་ཛྙཱ།རྒྱུན་ཤེས།
བུ་ན་རྦེ་སུ་ཛ།ནམ་སོ་སྐྱེས།
ཨནྟ་དེ་བ་ཛྭ་ལ།ཐང་ལ་འབར།
པ་དཱ་དྭི་ཙརྻ།རྐང་གཉིས་སྤྱོད།
ག་ཏ་པཱ་ལ་པུ་ཏྲ།འགྲོ་སྐྱོང་།
ཧསྟ་ར་པྲ་བརྟ་ནམ།མེ་བཞི་འཇུག
ཨ་ཊ་ཀ་ཧྣ།ལུག་ནག
བནྡྷུ་ན།རྒྱ་སྐྱེགས།
ཤ་ར་ས་ར།མདའ་ཡི་མཆོག
ལ་བ་ན་ཧསྟ།ལན་ཚྭའི་ལག་པ།
ཤྲཱི་མནྡ་མཱ་ལ།དཔལ་ལྡན་ཕྲེང་བ།
ཤྲཱི་མནྡ་ལཀྵྨི།དཔལ་ལྡན་ཕུན་ཚོགས།
ཀ་རེཏྤནྟ།ཡིད་ལས་སྐྱེས།
སཱུ་ར་གརྦྷ།ཉི་མའི་སྙིང་པོ།
ཨིནུ་གརྦྷ།ཟླ་བའི་སྙིང་པོ།
ཙནྟྲ་པྲ་བྷཿཟླ་བའི་འོད་ཟེར།
ཨཱརྻ་ན་གརྫུ་ན།འཕགས་པ་ཀླུ་སྒྲུབ།
ཤྲཱི་ཝན་ཤུ་ར།དཔལ་ལྡན་ཕ་གོལ།
སོ་མ་ནནྡ།ཟླ་དགའ།
བཻ་རོ་ཙ་ན།རྣམ་པར་སྣང་མཛད།
དྷརྨ་རཱ་ཛ་བྷི་བྷུ་པ་ཏི།ཆོས་རྒྱལ་མངའ་བདག་ཁྲི་སྲོང་ལྡེ་བཙན།
ཀོ་ཎ་བྷ་ཛྙཱ།གྲྭ་པ་མངོན་ཤེས།
ཛི་བ་ཀ་རཏྣ་ཤ་ར་ཎ།འཚོ་བྱེད་དཀོན་སྐྱབས།
བཻ་རོ་ཙ་དི་ནཱ་ཐ།གཡུ་ཐོག་མགོན་པོ།
ཛྙཱ་ནཱ་ནནྟ།ཡེ་ཤེས་ཀུན་དགའ།
ལཀྵི་མི།འབུམ་མེ།
བུ་སྟོན།
བེ་རོ་ཙཱ་ནི་ནཱ་ཐ་རཏྣ།གཡུ་ཐོག་མགོན་པོ་རིན་ཆེན།
བུ་ར་ཀ་དེ་ཤ་ན་ཤཱཀྱ་ནཱ་ཐ།ཕག་སྟོན་ཤཱཀྱ་མགོན་པོ།
ཤྲཱི་ཝནྡ་ཛི་པ་ཀ་ར།བྲང་ཏི་དཔལ་ལྡན་འཚོ་བྱེད།
ཤྲཱི་མནྡ་དྷྭ་ཛ།བྲང་ཏི་དཔལ་