[A:༡༩ན]ལྡན་རྒྱལ་མཚན།
ཨ་ནནྡ་བྷ་དྲ།བྲང་ཏི་ཀུན་དགའ་བཟང་པོ
། བྱ་གྷྲ་དེ་བ་ཤྲཱི།བྲང་ཏི་སྟག་ལྷ་དཔལ།
བཛྲ་ཤྲཱི་བྷ་དྲ།རྡོ་རྗེ་དཔལ་བཟང་།
དྷརྨཱ་རཱ་ཛ་མངྒ་ལཾ།བྲང་ཏི་ཆོས་རྒྱལ་བཀྲ་ཤིས།
དེ་ཝ་སྭ་མི་ཨ་ནནྟརྠཱ་སིདྡྷི།ལྷ་རྗེ་ཀུན་དགའ་དོན་གྲུབ།
བིཀྵུ་ག་ག་ན་ཤྲཱི་བྷ་དྲ།བྲང་ཏི་དགེ་སློང་ནམ་མཁའ་དཔལ་བཟང་།
མཧཱ་བོ་དྷི་ས་ཏྭ་ཀིརྟི་མ་ཏི་དྷྭ་ཛ།བྱང་ཆུབ་སེམས་དཔའ་ཆེན་པོ་གྲགས་པ་བློ་གྲོས་རྒྱལ་མཚན།
བྷུ་མི་པཎྜུ་ཀ་ཝཀ་གིནྡྲ་ཨ་ནནྡ་པུ་ཎྱ་ཡ།དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །
ཡང་ན་རྗེ་ནམ་མཁའ་དཔལ་བཟང་པོའི་རྗེས་སུ། རྗེ་དོན་གྲུབ་མཚན་ཅན། ཆོས་རྗེ་བུདྡྷ་བ། བླ་མ་དྷརྨཱ་ཤྲཱི། ཆོས་ཀྱི་རྗེ་མ་ཧོ་པཱ་དྷྱ་ཡ་རཏྣ། དེས་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་སྒྲུབ་ཐབས་ཀུན་བཏུས་སམ། རྒྱ་མཚོར་གྲགས་པ་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བའི་རྒྱ་གཞུང་གི་ལུང་ཐོབ་པའི་རྣམ་གྲངས་ལ། དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་སྒྲུབ་ཐབས། པཎྚི་ཏ་ཀུ་མུ་ཏ་འབྱུང་བའི་བློ་གྲོས་ཞབས་ཀྱིས་མཛད་པ། དམ་ཚིག་གསུམ་གྱི་རྒྱལ་པོའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་སྦས་པས་མཛད་པ། དཔལ་རྡོ་རྗེ་གདན་གྱི་མན་ངག་གི་ཆོ་ག དཔལ་རྡོ་རྗེ་གདན་གྱི་སྒྲུབ་ཐབས། ཡང་དཔལ་རྡོ་རྗེ་གདན་གྱི་སྒྲུབ་ཐབས། ཡི་གེ་དྲུག་པའི་སྒྲུབ་ཐབས་ལྷན་སྐྱེས་རོལ་པས་མཛད་པ། ཟ་མ་ཏོག་བཀོད་པའི་མན་ངག་གིས་མཛད་པའི་ཡི་གེ་དྲུག་པའི་སྒྲུབ་ཐབས། དཔལ་ལྡན་འཇིག་རྟེན་མགོན་པོའི་སྒྲུབ་ཐབས། ཡང་ཡི་གེ་དྲུག་པའི་སྒྲུབ་ཐབས། ཁརྶ་པ་ཎི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་རྙོག་པ་མེད་པས་མཛད་པ། པོ་ཏ་ལ་ཁརྶ་པ་ཎིའི་