R366: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་མཚུངས་མེད་གྲགས་པ་བློ་གྲོས་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༡ན
[A:༢༡ན]པ། ངན་སོང་ལས་སྒྲོལ་བའི་སྒྲོལ་མའི་སྒྲུབ་ཐབས། ལྷ་མོ་སྒྲོལ་མའི་སྒྲུབ་ཐབས། འཆི་བ་བསླུ་བའི་སྒྲོལ་མའི་སྒྲུབ་ཐབས། སྣ་ཚོགས་ཡུམ་གྱི་སྒྲུབ་ཐབས། དོན་ཐམས་ཅད་རབ་ཏུ་སྦྱིན་མའི་སྒྲོལ་མའི་སྒྲུབ་ཐབས། དེའི་གཟུངས། ཡང་དུག་སེལ་མའི་སྒྲུབ་ཐབས། དེའི་རིགས་སྔགས་སངས་རྒྱས་ཀྱིས་གསུངས་པ། འཕགས་མ་དུག་སེལ་མའི་རྟོག་པ་ཛྃ་གུ་ལའི་སྒྲུབ་ཐབས། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་པཎྜི་ཏ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། དེའི་མན་ངག ཡང་སྒྲོལ་མའི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་གནས་བརྟན་དཔེ་མེད་ཀྱིས་མཛད་པ། འཇིགས་པ་བརྒྱད་ལས་སྐྱོབས་པའི་སྒྲུབ་ཐབས། རྒྱ་ནག་རིམ་པའི་འཕགས་མ་སྒྲོལ་མའི་སྒྲུབ་ཐབས། རྒྱ་ནག་ཆེན་པོའི་རིམ་པའི་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་བརྟག་པའི་རྡོ་རྗེས་མཛད་པ། ཡང་འཆི་བ་བསླུ་བའི་སྒྲོལ་མའི་སྒྲུབ་ཐབས། འཆི་བ་བསླུ་བའི་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་སློབ་དཔོན་ངག་གི་དབང་ཕྱུག་གི་སློབ་མ་ཐུ་བོས་མཛད་པ། སྒྲོལ་མ་དཀར་མོའི་སྒྲུབ་ཐབས་སློབ་དཔོན་ཡིད་བཞིན་ནོར་བུའི་རྒྱལ་པོས་མཛད་པ། སྒྲོལ་མ་དཀར་མོ་ཕྱག་དྲུག་མའི་སྒྲུབ་ཐབས། རལ་གཅིག་མའི་སྒྲུབ་ཐབས་ཆེ་ཆུང་མི་དྲ་བ་ལྔ་ལས་གཅིག་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཙུནྡའི་སྒྲུབ་ཐབས་མི་འདྲ་བ་གསུམ། རྟོག་པ་ལས་ཕྱུང་བའི་འོད་ཟེར་ཅན་ཕྱག་བཅུ་མའི་སྒྲུབ་ཐབས། ཡང་རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་གྱི་སྒྲུབ་ཐབས། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་དཀར་མོའི་སྒྲུབ་ཐབས། རྡོ་རྗེ་དབྱིངས་ཀྱི་