R366: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་མཚུངས་མེད་གྲགས་པ་བློ་གྲོས་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༡བ
[A:༢༡བ]དབང་ཕྱུག་མའི་སྒྲུབ་ཐབས། འོད་ཟེར་ཅན་སེར་མོ་ཕྱག་བརྒྱད་མའི་སྒྲུབ་ཐབས། ཨཽ་ཌི་ཡ་ནའི་འོད་ཟེར་ཅན་ཕྱག་བཅུ་གཉིས་མའི་སྒྲུབ་ཐབས་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། འོད་ཟེར་ཅན་དམར་པོ་ཕྱག་བཅུ་མའི་སྒྲུབ་ཐབས། ཡང་མྱ་ངན་མེད་པའི་ཤིང་གི་འོད་ཟེར་གྱི་སྒྲུབ་ཐབས། དེའི་ཇག་འཆིངས་རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་སློབ་དཔོན་སྙིང་པོའི་ཞབས་ཀྱིས་མཛད་པ། འོད་ཟེར་ཅན་གྱི་སྒྲུབ་ཐབས། འོད་ཟེར་ཅན་གྱི་པི་ཙུ་མའི་སྒྲུབ་ཐབས། ཡང་འོད་ཟེར་ཅན་གྱི་སྒྲུབ་ཐབས་རྒྱས་བསྡུས་གཉིས། དེའི་གཟུངས་བཀླག་པའི་མན་ངག རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས་མི་འདྲ་བ་གཉིས། ཤེས་ཕྱིན་དཀར་མོའི་སྒྲུབ་ཐབས། རི་ཁྲོད་ལོ་མ་ཅན་གྱི་གཟུངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སེར་མོའི་སྒྲུབ་ཐབས་རྒྱས་བསྡུས་གཉིས། ཤེས་ཕྱིན་དཀར་མོའི་སྒྲུབ་ཐབས་སློབ་དཔོན་དགེ་འདུན་སྦྱིན་གྱི་བུས་མཛད་པ། ཡང་ཤེས་ཕྱིན་དཀར་མོའི་སྒྲུབ་ཐབས་པཎྜི་ཏ་པདྨ་འཕེལ་གྱིས་མཛད་པ། གསེར་མདོག་ཅན་གྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། ཤེས་ཕྱིན་གྱི་སྒྲུབ་ཐབས། ཡང་གསེར་མདོག་ཅན་གྱི་ཤེས་ཕྱིན་གྱི་སྒྲུབ་ཐབས། ཤེས་ཕྱིན་གྱི་སྒྲུབ་ཐབས་འཕགས་པ་ཐོགས་མེད་ཀྱིས་མཛད་པ། འཕགས་མ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། དབྱངས་ཅན་མ་ཆེན་མོའི་སྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་མི་འདྲ་བ་གཉིས། རྡོ་རྗེ་པི་ཝཾ་མ་དབྱངས་ཅན་མའི་སྒྲུབ་ཐབས། ཡང་རྡོ་རྗེ་དབྱངས་ཅན་མའི་