R366: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་མཚུངས་མེད་གྲགས་པ་བློ་གྲོས་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༢བ
[A:༢༢བ]རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས། གཙུག་ཏོར་རྣམ་རྒྱལ་གྱི་སྒྲུབ་ཐབས། ལྷ་མོ་ནོར་རྒྱུན་མའི་སྒྲུབ་ཐབས་མི་འདྲ་བ་གསུམ། དེའི་གཟུངས་ཀྱི་མན་ངག ཕག་མོ་ཤེས་རབ་གསལ་བྱེད་མའི་སྒྲུབ་ཐབས། བྱམས་པའི་སྒྲུབ་ཐབས་མི་འདྲ་བ་གཉིས། པཎྜི་ཏ་འཇིགས་མེད་འབྱུང་གནས་སྦས་པའི་མཛད་པའི་ཛམྦྷ་ལ་ནག་པོའི་སྒྲུབ་ཐབས། ཛམྦྷ་ལ་སེར་པོའི་སྒྲུབ་ཐབས་རྒྱས་བསྡུས་གསུམ། སེར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་ཙཎྜ་གོ་མིས་མཛད་པ། སེར་པོ་ལྷ་ཕོ་བརྒྱད་མོ་བརྒྱད་ཀྱིས་བསྐོར་བའི་སྒྲུབ་ཐབས་རྒྱས་བསྡུས་གཉིས། དེ་ལ་ཆུ་རྒྱུན་དུ་འབུལ་བའི་མན་ངག་གི་རིམ་པ་མི་འདྲ་བ་གསུམ། སློབ་དཔོན་ཙནྟྲ་གོ་མིས་མཛད་པའི་རྟ་མགྲིན་གྱི་སྒྲུབ་ཐབས། རྟོག་པ་བདུན་པ་ལས་གསུངས་པའི་རྟ་མགྲིན་གྱི་སྒྲུབ་ཐབས། པཎྜི་ཏ་ཤདྡྷ་ཀ་རས་མཛད་པའི་རྟ་མགྲིན་གྱི་སྒྲུབ་ཐབས། འཇིག་རྟེན་གསུམ་ལས་རྣམ་རྒྱལ་གྱི་སྒྲུབ་ཐབས། རྡོ་རྗེ་མེ་དང་ཉི་མ་འབར་བའི་སྒྲུབ་ཐབས། ལྟ་བ་མཆོག་གི་སྒྲུབ་ཐབས། གཤིན་རྗེ་གཤེད་དམར་གྱི་སྒྲུབ་ཐབས། གཤིན་རྗེ་ནག་པོའི་སྒྲུབ་ཐབས་མི་འདྲ་བ་གཉིས། ཡང་དགྲ་ནག་གི་སྒྲུབ་ཐབས། གཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་ཐབས་མི་འདྲ་བ་གཉིས། བགེགས་མཐར་བྱེད་ཀྱི་སྒྲུབ་ཐབས། སྟོབས་པོ་ཆེའི་སྒྲུབ་ཐབས་ཤཱཀྱ་བཤེས་གཉེན་གྱིས་མཛད་པ། ཡང་སྟོབས་པོ་ཆེའི་སྒྲུབ་ཐབས། ཧཱུྃ་མཛད་ཀྱི་སྒྲུབ་ཐབས། ཧེ་རུ་ཀའི་སྒྲུབ་ཐབས། ཀྱཻ་རྡོ་རྗེའི་ཕྱག་གཉིས་པའི་སྒྲུབ་ཐབས་ཏཱ་ར་ཤྲཱིས་མཛད་པ། བདག་མེད་མའི་སྒྲུབ་ཐབས་རྒྱས་བསྡུས་གཉིས། འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས། དེའི་ཆོ་ག་དམ་པ་ཐམས་ཅད་འདྲེན་པའི་འཇིག་རྟེན་གསུམ་གྱི་རྡོ་