R366: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་མཚུངས་མེད་གྲགས་པ་བློ་གྲོས་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༢ན
[A:༢༢ན]སྒྲུབ་ཐབས་གཤིན་རྗེ་ནག་པོ་ལས་གསུངས་པ། ཡང་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། འཕགས་མ་ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས་མི་འདྲ་བ་གཉིས། སྒྲོལ་མའི་རྟོག་པ་ལས་ཕྱུང་བ་ཀུ་རུ་ཀུ་ལླེའི་སྒྲུབ་ཐབས། སྒྲོལ་མའི་རྟོག་པ་ལས་ཕྱུང་བ་རིག་བྱེད་མའི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། དེའི་དབང་དུ་བྱེད་པའི་མན་ངག ཡང་རིག་བྱེད་མའི་སྒྲུབ་ཐབས་མི་འདྲ་བ་གཉིས། ཨུ་རྒྱན་ནས་བྱུང་བའི་རིག་བྱེད་མའི་སྒྲུབ་ཐབས། སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པའི་རིག་བྱེད་མའི་སྒྲུབ་ཐབས། ཀྱཻ་རྡོ་རྗེའི་རིམ་པའི་རིག་བྱེད་མའི་སྒྲུབ་ཐབས། ཀྱཻ་རྡོ་རྗེའི་རྒྱུད་ནས་ཕྱུང་བའི་རིག་བྱེད་མའི་སྒྲུབ་ཐབས། རིག་བྱེད་མ་ཕྱག་དྲུག་མའི་སྒྲུབ་ཐབས་མི་འདྲ་བ་གཉིས། རིག་བྱེད་མ་ཕྱག་བརྒྱད་མའི་སྒྲུབ་ཐབས་ཨིནྡྲ་བྷུ་ཏིས་མཛད་པ། ཡང་རིག་བྱེད་མའི་སྒྲུབ་ཐབས། དེའི་མན་ངག་གི་རིམ་པ། རིག་བྱེད་མ་དཀར་མོའི་སྒྲུབ་ཐབས། སློབ་དཔོན་ནག་པོ་པའི་མཛད་པའི་རིག་བྱེད་མའི་སྒྲུབ་ཐབས། ཀུ་རུ་ཀུ་ལེའི་ལས་རབ་ཏུ་བརྐྱངས་པའི་སྦྱོར་བ། རྣམ་རྒྱལ་གྱི་སྒྲུབ་ཐབས། གདུགས་དཀར་ཅན་གྱི་སྒྲུབ་ཐབས། རྡོ་རྗེ་ཙ་རྩི་ཀའི་སྒྲུབ་ཐབས། སོ་སོར་འབྲང་མའི་སྒྲུབ་ཐབས་མི་འདྲ་བ་གསུམ། སྟོང་ཆེན་མོ། གསང་སྔགས་རྗེས་འཛིན། རྨ་བྱ་ཆེན་མོ། བསིལ་བའི་ཚལ་ཞེས་བྱ་བའི་སྒྲུབ་ཐབས། ལྷ་མོ་ལྔའི་སྒྲུབ་ཐབས་མདོར་བསྡུས་པ། ཕྱིར་བཟློག་མའི་སྒྲུབ་ཐབས། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས། གཞན་གྱིས་མི་ཐུབ་པའི་སྒྲུབ་ཐབས། རྡོ་རྗེ་གྷནྜ་རིའི་སྒྲུབ་ཐབས་གཉིས། སྲུང་བ་ལྔའི་ཆོ་ག རྡོ་རྗེ་ལྕགས་སྒྲོགས་མའི་སྒྲུབ་ཐབས་མི་འདྲ་བ་གཉིས། པཎྜི་ཏ་ཆོས་ཀྱི་འབྱུང་གནས་བློ་གྲོས་ཀྱིས་མཛད་པའི་