[A:༢༤བ]འབེབས། སྐོང་ཟོར་ཁ་སྦྱོར་དབྱེ་བ། སྔགས་རིང་། སྔགས་ཀྱི་ཐེམ་ཡིག སྔགས་ཀྱི་གནད། གཡབ་པ་དར་ཐོགས། ནོར་བསྒྲུབ། དབང་བསྡུད། སྤོས་སྦྱོར། རང་དང་སློབ་མ་རྫས་སོགས་གཏད་པ། གཙུག་ལག་ཁང་སོགས་གཏད་པ། གནས་མལ་དང་ནོར་རྫས་སོགས་བསྲུང་བ། གསང་རྟེན་བྱེད་ཐབས། བསྐང་བཤག སྤྱོད་ལམ་དང་དབང་དུ་བྱ་བ། དེ་ལ་མཁོ་བའི་གནད། དམ་ཚིག་གི་གསོ་བ། ཞལ་གདམས་དོན་དྲུག་མ། རྟེན་བཅའ་ཐབས། ཆོས་སྐྱོང་རྟེན་ཐབས། རྟེན་གཟུགས། ཡང་རྟེན་གྱི་མན་ངག སྔགས་རིང་ཐུང་གི་མན་ངག བསྙེན་སྒྲུབ་ལས་གསུམ། སྦྱིན་སྲེག མ་ཉན་ན་ཚོད་ལྟ་བྱ་ཚུལ། དམོད་བསྐུལ། འགོ་བའི་ཐབས། འཁོན་ནག་བཟའ་བ། བསྐྱོད་གནས་སྲུང་གསུམ། ལྟས་ངན་གཏོང་ཐབས། གཉན་གྱི་ཤོག་དྲིལ། ཆིག་བརྒྱུད་མ། བསྐྲད་ཆོག་སྲེའུ་གསོ་བ། ཤྭ་ལྡོག བསྐང་བ་བསྡུས་པ། བསྟོད་པ་གཉན་གྱིས་མཛད་པ། ཡང་ལྟས་ངན་གཏོང་ཐབས། སྦས་པའི་གདམས་པ། འགབ་འདྲེ་མནན་པ། རཀྵི་ཏའི་མན་ངག བསྟོད་པ་ཁའུ་པས་མཛད་པ། སྒྲུབ་དུས་ཀྱི་གདམས་པ། གཟུངས་པས་མཛད་པའི་ཐུན་མོང་མ་ཡིན་པའི་ཞལ་གདམས་ཏེ་ཡིག་སྣ་ལྔ་བཅུ་རྩ་གསུམ་ཐོས་པའི་རྒྱུད་པ་ནི། རྡོ་རྗེ་འཆང་། སློབ་དཔོན་ཀླུ་སྒྲུབ། བ་ལིཾ་ཏ་པ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་སྡེ། བི་མ་ལ་གུཔྟ། རིན་ཆེན་རྡོ་རྗེ། རཏྣ་ཀིརྟི། རི་སུལ་གྱི་རྣལ་འབྱོར་མ། བླ་མ་གཉན་ལོ་ཙཱ་བ་ཆེན་པོ། བླ་མ་གནམ་ཁའུབ་པ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་ཆེན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་