R366: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་མཚུངས་མེད་གྲགས་པ་བློ་གྲོས་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༢༥ན
[A:༢༥ན]པཎྜི་ཏ། འཕགས་པ་རིན་པོ་ཆེ། དམ་པ་ཀུན་དགའ་གྲགས། བླ་མ་བདག་ཉིད་ཆེན་པོ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། གྲུབ་ཆེན་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། བྱས་འགྱུར་བ་བསོད་ནམས་སེང་གེ བླ་མ་རྡོ་རྗེ་སེང་གེ རྗེ་ཤེས་རབ་རྒྱལ་མཚན། ཐར་རྩེ་ནས་ནམ་མཁའ་དཔལ་བཟང་། ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས། །དེས་བདག་ལའོ། །བཀའ་དྲིན་མཚུངས་མེད་སྔགས་འཆང་གྲགས་པའི་མཚན་ཅན་ཉིད་ཀྱི་གསུང་རབ་རྣམས་ཐོས་པའི་ཚུལ་ནི། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་གྱི། །རྣམ་པར་སྤྲུལ་པ་སྔགས་འཆང་གྲགས་པའི་མཚན། །གང་གི་གསུང་རབ་ཡིད་འོང་པདྨའི་ཚོགས། །ལྷན་ཅིག་བཞུགས་པའི་རྣམ་གྲངས་འདི་ལྟར་རོ། །དེ་ལ་འདིར་བཀའ་དྲིན་གཞལ་དུ་མེད་པའི་སྔགས་འཆང་བླ་མ་སྦས་པའི་སངས་རྒྱས་གྲགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ཀྱི་གསུང་རབ་དྲི་མ་མེད་པ་རྣམས་མགོན་དེའི་སློབ་བུའི་ཐ་ཤལ་ཟ་ཉལ་འཆག་གི་རྣལ་འབྱོར་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་ཕྱོགས་གཅིག་ཏུ་བསྒྲིགས་པའི་མཚན་གྱི་རྣམ་གྲངས་ལ་ཐོག་མར་སྔགས་འཆང་ཆེན་པོ་ལ་མཚན་བསྟོད་ཀྱི་སྒོ་ནས་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ། བར་དོའི་གདམས་པ་ཟབ་མོ། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་རྣམ་ཐར་འཇའ་ས་དྲུག་པ་ཚིགས་བཅད་དུ་མཛད་པའི་གསུང་རྩོམ་འཕྲོ་ཅན། ཆོས་དུང་དཀར་པོ་རྒྱང་གྲགས་ཀྱི་ལོ་རྒྱུས་སྔགས་