[A:༤བ]ཆོས་ཀྱི་རྒྱལ་པོ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ།
མཉྫུ་གྷོ་ཥ་ཀ་ཤ་དྷྭ་ཛ་ཤྲཱི་བྷ་དྲ།འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ།
ཙཀྲ་ན་ཐ་པྲཛྙཱ་དྷྭ་ཛ་ཤྲཱི་བྷ་དྲ།འཁོར་ལོའི་མགོན་པོ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ།
བྷུ་མི་པཎྜུ་ལོ་ཙཱ་བ་ས་སྐྱ་ལོ་ཙཱ་བ།
མན་འདྲའོ། །ཡང་ན། བྷཊྚ་ར་ཀརྗེ་བཙུན་པ།
པ་ཀུཊྚི་དེ་ཤ་ན།གན་པ་སྟོན་དར།
པ་ཀུཊྚི་དྷརྨཱ་རཱ་ཛ།གན་པ་ཆོས་རྒྱལ།
པ་ཀུཊྚིནྟྲ་རཏྣ།གན་པ་དབང་རིན།
པ་ཀུཊྚི་རཏྣ་དྷྭ་ཛ།གན་པ་རིན་རྒྱལ།
དྷརྨཱ་སྭཱ་མི་སངྒུ་རུ་ཆོས་རྗེ་བླ་མ་དམ་པ་
མན་གོང་དུ་འདྲའོ། །ཡང་ན། རྗེ་བཙུན་གན་པ་སྟོན་དང་། གན་པ་ཆོས་རྒྱལ། གན་པ་ཆོས་རིན། གན་པ་རིན་རྒྱལ་མན་གོང་དང་འདྲ། ༈ །ཡང་ན་འཁོན་སྟོན་དཀོན་མཆོག་རྒྱལ་པོ། གློ་བོ་རྡོ་རྗེ་སྲིན་པོ། གློ་བོ་རྡོ་རྗེ་འཛིན། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། བླ་ཆེན་འཕགས་པ་མན་ཆད་འདྲའོ། ༈ །ཡང་བཀའ་དྲིན་མཚུངས་མེད་ཡབ་རྗེ་སྦས་པའི་སངས་རྒྱས་དེ་ཉིད་ཀྱི་དྲུང་དུ། དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སུམ་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ལ་བཀའ་བབས་བདུན་ལྡན་སོགས་སུ་ཡོད་པ་ལས། ས་ལུགས་ཀྱི་དབང་བཀའ་རྙིང་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་། ཨིནྡྲ་བྷུ་ཏི། ཀླུ་ལས་བྱུང་བའི་མཁའ་འགྲོ་མ། རྒྱལ་པོ་བི་སུ་ཀལྤ། ས་ར་ཧ། ཀླུ་སྒྲུབ། དེ་ལ་འཕགས་པ་ལྷ། ཤཱཀྱ་བཤེས་གཉེན། ཀླུའི་བྱང་ཆུབ། ཟླ་བ་གྲགས་པ་དང་བཞིས་ཞུས་པ་ལས་སློབ་པའི་རྡོ་རྗེ། ནག་པ་སྤྱོད་པ། ས་འདྲེས་པ། དེ་ལ་མར་མེ་མཛད།ཨ་ཏི་ཤ
། དེ་ཝ་ཀ་ར།བཙུན་མོ་ཅན།
བིརྻ་བྷ་དྲ་མངོན་ཤེས་ཅན།
གསུམ་གྱིས་གསན། དེ་གསུམ་ལ་འགོས་ཁུག་པ་ལྷས་བཙས་ཀྱིས་