R366: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་མཚུངས་མེད་གྲགས་པ་བློ་གྲོས་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༥ན
[A:༥ན]གསན་པ་ལས། དབུས་པ་དགེ་སེར། གནམ་ཁའུ་པ། ས་ཆེན། ཁའུ་པ་རྡོ་རྗེ་བདུད་འཇོམས། རྗེ་བཙུན་གྲགས་པ། ས་པཎ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། གྲུབ་ཆེན་བྲག་ཕུག་པ། བྲག་ཕུག་པ་བློ་བརྟན། ཆོས་རྗེ་དཔལ་ལྡན་པ། གྲུབ་ཆེན་བུདྡྷ་བ། རྗེ་རྡོ་རྗེ་འཆང་། སེམས་དཔའ་ཆེན་པོ། འཇམ་དབྱངས་སངས་རིན། འཇམ་དབྱངས་ས་སྐྱ་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ་སྔགས་འཆང་ཀུན་དགའ་རིན་ཆེན། བཀའ་དྲིན་མཚུངས་མེད་ཡབ་རྗེ་སྦས་པའི་སངས་རྒྱས། དེས་བདག་ལའོ། ༈ །ས་ལུགས་ཀྱི་དབང་བཀའ་གསར་མའི་ཉེ་བརྒྱུད་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། འཕགས་པ་ཀླུ་སྒྲུབ། འཕགས་པ་ལྷ། མ་ཏཾ་གི་པ། ར་ཧུ་ལ་ཤྲཱི།
སྒྲ་གཅན་འཛིན་དཔལ་བཤེས་གཉེན།
བཀྵ་ཏ་དེ་ཝ། ཁ་ཆེ་པཎ་ཆེན། ས་སྐྱ་པཎྚི་ཏ། འོད་ཟེར་ཤཱཀྱ། དར་མ་ཤེས་རབ། རིན་ཆེན་དཔལ། རིན་ཆེན་རྒྱལ་མཚན། སྲུ་ལུང་པ་ཀུན་སྨོན། དོན་རི་གྲགས་པ་དཔལ། འཕགས་འོད་ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་བུ་སྟོན། ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས། ཤར་ཆེན་ཡེ་རྒྱལ། ངོར་ཆེན་རྡོ་རྗེ་འཆང་མན་ས་ལུགས་ཀྱི་དབང་བཀའ་སྔ་མའི་བརྒྱུད་པ་དང་འདྲ། ཡང་བརྒྱུད་པའི་བཀའ་བབས་བདུན་དང་ལྡན་པའི་ལུགས་ལྟར་ན། ཐོག་མར་རྡོག་ལུགས་ཀྱི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཨིནྡྲ་བྷུ་ཏི། ཀླུ་ལས་གྱུར་པའི་རྣལ་འབྱོར་མ། རྒྱལ་པོ་བི་སུ་ཀལྤ།
རྒྱ་གར་ལྷོ་ཕྱོགས་ཨོ་དྷེའི་ཤ
བྲམ་ཟེ་ཆེན་པོ་ས་ར་ཧ། ན་གརྫུ་ན།
རྒྱལ་བས་ལུང་བསྟན་པའི་དགེ་སློང་དཔལ་ལྡན།
དེ་ལ་སློབ་མའི་མཆོག་ཨརྻ་དེ་ཝ། ཤཱཀྱ་བཤེས་གཉེན་