[A:༩བ]ཉིད་ཀྱི་དྲུང་དུ། དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་དཀྱིལ་འཁོར་དུ་དབང་གི་མངོན་པར་རྟོགས་པ་བརྒྱད་དང་ལྡན་པའི་སྒོ་ནས། རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་རྒྱུ་དུས་ཀྱི་དབང་བསྐུར་བ་མཚན་ཉིད་དང་ལྡན་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཐོག་མཐའ་མེད་པའི་སངས་རྒྱས་རྡོ་རྗེ་འཆང་། །མ་སྐྱེས་མི་འགག་ཤེས་རབ་བདག་མེད་མ། །སྟོབས་བཅུའི་དབང་ཕྱུག་དཔལ་མགོན་བི་རུ་པ།
དམར་སེར་མེ་སྦྲུལ་ལ་བལྟམས་ནས། རྣམ་བྱུང་འབྲུག་ལ་གྲུབ་པ་བརྙེས་ཟེར།
།རྣལ་འབྱོར་དབང་ཕྱུག་ཤར་ཕྱོགས་ནག་པོ་པ། །རྟེན་འབྲེལ་ཟབ་མོའི་དོན་གཟིགས་ཌཱ་མ་རུ། །གཟུང་འཛིན་གཉིས་སྤངས་ཨ་ཝ་དྷུ་ཏི་པ། །མཁས་ཤིང་གྲུབ་པ་བརྙེས་པ་རཏྣ་ཤྲཱི། །སྒྲ་བསྒྱུར་རྒྱལ་པོ་ཤཱཀྱ་ཡེ་ཤེས་དང་། །སྙན་བརྒྱུད་གདམས་པ་ཀུན་རིག་རྗེ་བཙུན་སེ། །ཟབ་དོན་ཆོས་ཀྱི་སྣང་བ་འབར་བའི་མཚན། །ཨང་གིར་ཆུ་སྤྲེའི་ལོ་འཁྲུངས་ས་སྐྱ་པ།བག་ཡོད་ཅེས་པ་ཆུ་མོ་གླང་གི་ལོ་དཔལ་ལྡན་ས་སྐྱ་བཏབ་ནས་ལོ་བཅུ་དགུ་འདས་པ།
།རྔ་ཆེན་ཆུ་ཁྱི་ལོ་འཁྲུངས་རྗེ་བཙུན་རྗེ།ཡབ་ང་བཞི་པ།
།རབ་བྱུང་མེ་ཡོས་འཁྲུངས་པ་གྲགས་པའི་ཞབས།དེ་ལས་ལྔས་གཞོན་པ།
།དགེ་བྱེད་ཆུ་སྟག་ལོ་འཁྲུངས་པཎྜི་ཏ།དེ་ལས་སུམ་ཅུ་རྩ་ལྔས་གཞོན་པ།
།མྱོས་བྱེད་ཤིང་ལུག་ལོར་འཁྲུངས་འཕགས་པའི་ཞབས།དེ་ལས་ལྔ་བཅུ་ང་གསུམ་གྱིས་གཞོན་པ།
།ཀུན་ལྡན་ལྕགས་བྱི་ལོ་འཁྲུངས་ཞང་སྟོན་རྗེ།དེ་ལས་ལྔས་གཞོན་པ།
།དབང་ཕྱུག་མེ་གླང་ལོ་འཁྲུངས་བྲག་ཕུག་པ།དེ་ལས་སོ་བདུན་གྱིས་གཞོན་པ།
།ཡོངས་འཛིན་ཆུ་བྱི་ལོ་འཁྲུངས་འགྲོ་མགོན་རྗེ།དེ་ལས་སོ་ལྔས་གཞོན་པ།
།ཨགྣི་མེ་འབྲུག་ལ་འཁྲུངས་རི་ཁྲོད་པ།དེ་ལས་བཞིས་གཞོན་པ།
།དཔལ་གདོང་ཆུ་བྱ་ལོ་འཁྲུངས་དཔལ་ལྡན་པ།དེ་ལས་བཅུ་བདུན་གྱིས་གཞོན་པ།