R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༧༥
[A:༥༧༥]ངག་ཆོས་ཀྱི་ཆར་འབབ་པས། །ཐར་འདོད་སྐལ་ལྡན་སྐྱེ་བོ་ངང་གིས་འདུ། །
ཆོས་ལྡན་ཡིད་ཆགས་ཚུལ།
ཆོས་བརྒྱད་གཡེང་བའི་བུན་ལོང་མི་ལྡན་པས། །གཡེར་བག་ཅན་རྣམས་བག་ཕེབས་མི་འགྱུར་ཡང༌། །ནགས་མཐོང་དབེན་པས་ལྷ་དང་རྀ་ཥི་ལྟར། །རྣལ་འབྱོར་ཅན་གྱི་ཡིད་ལ་དང་
རྒྱུ་དཔེ་
སྤྲོ་སྐྱེད། །
ཁམས་པ་རྣམས་ཐུལ་ཚུལ།
ཁྱུང་
མཛོ་
དཀར་ཕ་
གླང་
ལྟར་གྱོང་བ་བོད་ཆེན་གྱི། །སྐྱེ་བོའི་ཚོགས་ཀྱང་གཙང་གནས་འདིར་ཕྱིན་ཚེ། །གཉེན་ཞིང་དུལ་བའི་ཀུན་སྤྱོད་མཐོ་རིས་ཀྱི། །ཡོན་ཏན་
མངོན་འགྱུར་འགོག་
མངར་ལྡན་རྩིང་སྤྱོད་དྲི་ཡང་ཅི།
མངའ་རིས་པ་རྣམས་ཐུལ་ཚུལ།
ཞང་ཞུང་སྐྱེ་བོ་ཡལ་གའི་རི་དྭགས་
སྤྲེའུ་
བཞིན། །དྲན་རིག་གསལ་ཡང་ཅུང་ཟད་སྤྲོ་ཐུང་བ། །དེ་དག་མ་ལུས་གནས་འདིར་ལྷ་
ངག་དོན་གྱི་དཔེ་
བཞིན་དུ། །རྒྱུད་འཇམ་ངང་ཚུལ་བཟང་པོའི་དཔལ་གྱིས་སྒེག །
དབུས་གཙང་བ་ཐུལ་ཚུལ།
རྣམ་དཔྱོད་གསལ་ཡང་ལྤགས་
བྱ་ཕ་ཝང་
འདབ་ཅན་ལྟ་བུར། །གཡོ་སྒྱུའི་བློ་འཆང་དབུས་གཙང་ཞིང་སྐྱེས་རྣམས། །འདིར་ནི་བཟང་པོའི་མིག་བླས་
ལྟོས་
དྲང་སྲོང་ལྟར། །གྱ་གྱུའི་བསམ་སྦྱོར་རིང་དོར་ཆོས་དོན་སེམས། །
མདོར་ན་སུ་བསྡད་ཀྱང་ཉེས་སྐྱོན་འགྲིབ་ཅིང༌།
མ་ལ་ཡར་སྐྱེས་ཤིང་ཕལ་
པ་ལའང་ཕ་ལ་ཡང་?
ཙནྡན་
གྱི་དྲི་དང༌།
།ལྷུན་པོའི་ངོགས་སུ་
བསྡད་པའི་
འདབ་ཆགས་
ཀྱང༌
། གསེར་
ཁ་དོག་ཏུ་ལྷ་
སྣང་
ངག་དོན་གྱི་དཔེ་
བཞིན། །གནས་གཙང་གཉིས་པའི་ཞིང་འདིར་སུ་ཡང་རུང༌། །ལན་རེ་ཕྱིན་ནམ་ཡུན་དུ་བསྙེན་པ་དག །ཉེས་སྤྱོད་དྲི་མ་ཡང་དག་སེམས་ཀྱི་རྒྱུད། །གཙང་མའི་རས་ལ་དམ་པའི་ཡོན་ཏན་གྱི། །ཚོན་བརྒྱའི་ཁ་དོག་ཚང་བ་སྲིད་མཐར་ཡང༌། །ཉམས་པ་མེད་པ་ངོ་མཚར་རྨད་ཀྱི་གཏམ་
རྨད་བྱུང་གི་དཔེ།
སྤྱིལ་པོ་རྣམས་ཀྱི་བཀོད་པ།
རྐང་
ཤིང་
འཐུང་ཕྲེང་མཛེས་ལོ་འབྲས་མེ་ཏོག་གི །སྐྱེད་ཚལ་ར་བས་ཀུན་ནས་བསྐོར་བའི་གཞིར། །རིག་པ་འཛིན་པ་སྟོང་ཕྲག་འཚོ་གཞེས་པའི། །སྤོང་ཁང་འཆི་མེད་མངོན་དགའི་བསྟི་གནས་ཚོགས། །
ས་རྩིའི་མཚོན་དོན།
ལྷག་པའི་ལྷ་མཆོག་རྡོ་རྗེ་གཞོན་ནུའི་ཞལ། །རྩ་གསུམ་དག་པའི་ཁ་དོག་མཚོན་