R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༧༦
[A:༥༧༦]པའི་མདངས། །ཟླ་ཤེལ་པདྨ་རཱ་གའི་ཕྲ་ཚོམ་ཅན། །ཨིནྡྲ་
དབང་པོ་སྔོན་པོ་
ནཱི་ལའི་སྒྲོམ་བུ་སྤུངས་
ངེས་བསྟན་གྱི་རབ་བརྟགས་
བཞིན། །
དབུས་ཀྱི་གཙུག་ལག་ཁང་གི་བཀོད་པ།
གང་གི་དབུས་ན་ལི་ཁྲིའི་གཞལ་མེད་ཁང༌། །མཐོན་ཀ་ཆེན་པོའི་མདའ་ཡབ་དགོད་པའི་རྩེར། །བཙོ་སྦྱངས་དག་པའི་གསེར་མཆོག་གྷ་ཊཱི་རའི་
ནི་བུམ་པ་ཅན་ཏེ་དེང་སང་སྒྲ་ཉམས་པས་འགན་འཛིན་ཟེར།
གཟི་བྱིན་ནམ་མཁའི་ཁ་དོག་བསྒྱུར་བའི་དཔལ།
བཞིན་སྒྲ་གཅིག་པའི་ངག་དོན་གྱི་དཔེ་ནི།
གནམ་སྔོན་ཞུུ་བ་འཁྱིལ་འདྲ་མརྒཏ་ཀྱི། །དབའ་ཀློངས་འཁྲུག་པའི་ཆུ་གཏེར་ཆེ་དབུས་ནས། །པདྨ་རཱ་གའི་ལྷུན་པོ་ཕྱུར་བའི་རྩེར། །ཉིན་བྱེད་འོད་ཀྱི་ཐིག་ལེ་ཤར་བཞིན་མཛེས། །
ཁྱམས་ཆེན་དགེ་འདུན་གྱིས་གང་ཚུལ་ནི།
ཀ་ཆེན་བརྒྱ་ཕྲག་གིས་བཏེག་ཡངས་པའི་ཁྱམས། །སྲས་བཅས་རྒྱལ་བའི་སྐུ་བརྙན་ཚོན་བརྒྱའི་མདངས། །འཕགས་པ་གང་ཟག་ཁྲིམས་ལྡན་འདུས་ཚོགས་ཀྱིས། །ཡོངས་གང་ནྱ་གྲོ་དྷ་
ཤིང་ཆུ་ཞེང་གབ་པ་
ཡི་ཀུན་ར་བཞིན་
དངོས་པོའི་དཔེ།
འཆད་རྩོམ་ཤར་སྦྱངས་སོགས་ཀྱི་ཆོས་སྒྲ་ཉིན་མཚན་དུ་སྒྲོགས་ཚུལ།
རྒྱུ་དཔེའི་རྒྱན་ནི།
ཡང་ན་ཉིན་མཚན་ཀུན་ཏུ་ཐེག་ཆེན་གྱི། །ཆོས་སྒྲ་རྒྱུན་མི་ཆད་པའི་སིལ་སྙན་ཅན། །དགའ་ལྡན་ཆོས་ཀྱི་མངོན་མཐོའི་ཁང་བཟངས་ཉིད། །ས་སྟེང་སྐྱེ་དགུའི་སྐལ་བས་རྙེད་པ་སྙམ་
རབ་བརྟགས།
གཙང་ཁང་བརྩེགས་པའི་བཀོད་པ་རང་བཞིན་བརྗོད་པ།
ཙནྡན་སྦྲུལ་གྱི་སྙིང་པོའི་དྲི་བཟངས་ངར། །ཅི་ཡང་ལྡང་བའི་གཙང་ཁང་བརྩེགས་པའི་ནང༌། །ལྷ་མིའི་སྟོན་པ་ཤཱཀྱ་སེང་གེ་སོགས། །རྒྱལ་བ་རྒྱ་མཚོའི་སྐུ་གསུང་ཐུགས་རྟེན་དང༌། །
གཙང་ཁང་སྟེང་མའི་ལམ་འབྲས་ལྷ་ཁང༌།
ལྷག་པར་གསུང་ངག་བླ་མ་བརྒྱུད་པའི་ཕྲེང༌། །གསེར་གྱི་མཆོད་སྡོང་
ལེགས་པར་བསྒྲིགས་པ་
ཚར་དུ་དངར་བ་ལྟར། །ཐུགས་རྗེ་རྒྱལ་བའི་འོད་ཀྱི་དཀྱིལ་འཁོར་དང༌། །བྱིན་རླབས་ཆོ་འཕྲུལ་བསམ་ཡས་མངོན་སུམ་
དངོས་པོའི་དཔེ།
བཞིན།
མཆོད་རྫས་བསམ་གྱི་མི་ཁྱབ་པས་རྒྱན་ཚུལ།
ལྷ་དང་ཀླུ་དང་མི་ཡི་འཇིག་རྟེན་ན། །རིན་ཐང་ཆེ་བའི་མཆོད་རྫས་
འབྱོར་པ་ཆེ་བའི་དཔེ་རྒྱན་
དབྱིག་གི་ནི། །སྙིང་པོའི་
ལྷ་ཚངས་པ་
ཡིད་