R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༤༩༥
[A:༤༩༥]ཨ་ར་པ་ཙ་ན། འཇམ་དབྱངས་སྨྲ་སེང༌། འཇམ་དབྱངས་དཀར་པོ། མི་གཡོ་བ་དཀར་པོ། གཙུག་ཏོར་རྣམ་རྒྱལ། རྣམ་འཇོམས་བ་རི་ལུགས་ཀྱི་རྗེས་གནང༌། སྒྲོལ་མ་དཀར་མོའི་རྗེས་གནང༌། ངག་དབང་གྲགས་པའི་སྒྲུབ་ཐབས་འཆི་བསླུ་དང་བཅས་པ། དོན་ཞགས་ལྷ་ལྔའི་རྗེས་གནང༌། དོན་ཡོད་ཞགས་པའི་གཟུངས། ཕར་ཕྱིན་དྲུག་གི་གཟུངས། གཙུག་ཏོར་དྲི་མེད་ཀྱི་ཆོས་སྐོར། སྒྲུབ་ཐབས་ཀུན་ལས་བཏུས་སམ་རྒྱ་མཚོར་གྲགས་པའི་རྗེས་གནང༌། སྒྲུབ་ཐབས་ཀྱི་རྣམ་གྲངས་ཉིས་བརྒྱ་སུམ་ཅུ་རྩ་བགྲངས་པའི་ལུང་དང་བཅས་པ། སྒྲུབ་ཐབས་བརྒྱ་རྩར་གྲགས་པའི་རྗེས་གནང༌། སྒྲུབ་ཐབས་དགུ་བཅུ་གོ་དྲུག་གི་ལུང་དང་བཅས་པ། རྗེ་བཙུན་ས་སྐྱ་པ་ཡབ་སྲས་གསུམ་ཆོས་རྗེ་ཁུ་དབོན་དང་བཅས་པའི་བཀའ་འབུམ་གྱི་ལུང་རྣམས་གསན་ནོ། །གཞན་ཡང་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་པའི་དྲུང་དུ། ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་དབང་གསན་ཏེ། དཔལ་ལྡན་ས་སྐྱ་པའི་བསྟན་པ་ལ་འཇུག་པའི་སྒོ་དང་པོ་འདི་ཡིན་གསུངས། ཀྱེ་རྡོར་ལུས་དཀྱིལ་གྱི་དབང༌། ཀྱེ་རྡོར་ནས་གླིང་མའི་དབང༌། སློབ་དཔོན་བྷ་ཝ་བྷ་དྲས་མཛད་པའི་ཀྱེ་རྡོར་གྱི་འགྲེལ་པ། སྒྲུབ་ཐབས་མཚོ་སྐྱེས། མི་ཐུབ་ཟླ་བས་མཛད་པའི་ཀྱེ་རྡོར་གྱི་རྒྱ་གཞུང་ཚང་མ། རིན་ཆེན་འབར་བ། སྐབས་ཀྱི་འགྲེལ་ཆུང་བརྒྱད། བདེ་མཆོག་དྲིལ་བུ་པའི་དབང༌། བདེ་མཆོག་རྩ་རྒྱུད། རྣལ་འབྱོར་མ་ཀུན་སྤྱོད། ཕག་མོ་ཞལ་གཉིས་མའི་བྱིན་རླབས། ལས་བཅུའི་སྒྲུབ་ཐབས། སྔགས་ཀྱི་དེ་ཁོ་ན་ཉིད་དང་བཅས་པའི་གཞུང༌། དེ་གསུམ་གྱི་དོན་འགྲེལ་རྗེ་བཙུན་གྱིས་མཛད་པ། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས། ནཱ་རོ་པས་མཛད་པའི་སྒྲུབ་ཐབས། བླ་མ་གོང་མས་མཛད་པའི་སྐོར་ཚང་མ། རྩ་དབུ་མའི་ཁྲིད། འཕགས་པ་རིན་པོ་ཆེས་མཛད་པའི་ནཱ་རོ་མཁའ་སྤྱོད་ཀྱི་སྐོར། མཻ་ཏྲི་མཁའ་སྤྱོད་ཀྱི་བྱིན་རླབས། མཻ་ཏྲི་པས་མཛད་པའི་སྒྲུབ་ཐབས། ཉན་ཆེན་པས་མཛད་པའི་སྒྲུབ་ཐབས། བྱིན་རླབས་