R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༤༧༧
[A:༤༧༧]ལ་དོན་གཉིས་ཏེ། དངོས་དང་འཕྲོས་སོ། །དང་པོ་ལ་རྒྱལ་བས་ལུང་བསྟན་ཚུལ། སྐུ་སྐྱེ་བ་སྔ་མ་རྣམས་སུ་བསྟན་པ་ལ་བྱ་བ་བྱས་ཚུལ། སྐུ་སྐྱེ་བ་འདིར་སངས་རྒྱས་ཀྱི་བསྟན་པ་ལ་མཛད་ཚུལ་ལོ། །དང་པོ་ནི། དེ་ཡང་བདག་ཅག་གི་འདྲེན་པ་དམ་པ་འདི་ནི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་མངོན་པར་རྫོགས་པར་སངས་རྒྱས་ཟིན་ཀྱང༌། བསྐལ་པ་བཟང་པོ་འདི་ལ་རྫོགས་པའི་སངས་རྒྱས་སྟོང་འབྱུང་བའི་སྙིགས་མ་ལྔ་བདོ་བའི་དུས་སུ་སྟོན་པ་ཐུབ་པའི་དབང་པོ་སོགས་ཀྱི་བསྟན་པ་ལ་ཕན་པ་དང༌། སེམས་ཅན་མང་པོ་སྨིན་གྲོལ་ལ་འགོད་པའི་ལུང་བསྟན་ནི། འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས། དེ་ཚེ་འཇིག་རྟེན་མགོན་པོའི་སྤྲུལ་པ་སྤྲུལ། །དེ་ཚེ་དགེ་སློང་ཀུན་དགའ་བཟང་པོ་འབྱུང༌། །ཚུལ་ཁྲིམས་ཀྱིས་ཀྱང་ཁྱད་པར་འཕགས་གྱུར་ལ། །ཐོས་པ་མང་ཞིང་ཕ་རོལ་ཕྱིན་པས་འཕགས། །ཐབས་དང་ཤེས་རབ་ལ་ནི་ཤིན་ཏུ་བསླབས། །དེ་དག་ཆོས་ཀྱི་སེམས་རྒྱུད་བརྗེད་མི་འགྱུར། །རྟག་ཏུ་འཕགས་པ་རྣམས་དང་འགྲོགས་