[A:༥ན]བརྒྱུད་པ་ནི། ལྕེ་བསྒོམ་འདུལ་བ་རྡོ་རྗེ། སྨོན་ལམ་མགོན། རིན་ཆེན་ཡེ་ཤེས། རྒྱལ་སྲས་ཐོགས་མེད་པ། རྒྱ་མ་པ་ཡོན་ཏན་འོད། ཧོར་ཀ་བཞི་པ་སེང་གེ་རྒྱལ་མཚན། རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བཟང་པོ། བྱང་སེམས་སྦྱིན་པ། བླ་མ་ནམ་མཁའི་མཚན་ཅན། ར་སྟོན་ཡོན་ཏན་དཔལ་བཟང་། མཁན་ཆེན་བསོད་ནམས་ལྷུན་གྲུབ། རྗེ་ལྷ་མཆོག་སེང་གེ རྗེ་ཤེས་རབ་རྒྱལ་མཚན། ཐར་རྩེ་ནས་ནམ་མཁའ་དཔལ་བཟང་། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་རྒྱལ་སྲས་པ། འགྲོ་མགོན་དཔལ་ལྡན་ཡེ་ཤེས། ཧོར་ཀ་བཞི་པ་མན་ཆད་འདྲའོ། །གཏམ་རྒྱུད་རིན་སྤུངས་དང་མན་ངག་རིན་སྤུངས་གཉིས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། འགྲོ་མགོན་དཔལ་ལྡན་ཡེ་ཤེས། ཧོར་ཀ་བཞི་པ་མན་ཆད་གོང་བཞིན་ནོ། །ཡང་བརྒྱུད་པ་ལུགས་གཅིག་ནི། ཐར་རྩེ་ནས་ནམ་མཁའ་དཔལ་བཟང་གི་རྗེས་སུ། རྗེ་དཔལ་ལྡན་དོན་གྲུབ། རྗེ་ནམ་མཁའ་སངས་རྒྱས། སྦས་པའི་རྣལ་འབྱོར་ཀུ་ས་ལི་པ། མ་ཧོ་པ་དྷྱ་ཡ། དེ་ལས་ཨ་ནནྡས་ཐོས་སོ། ༈ །ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ལུང་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ། རྒྱལ་བ་བྱམས་པ་མགོན་པོ། འཕགས་པ་ཐོགས་མེད། མཁས་མཆོག་དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། མཁས་མཆོག་མཆོག་གི་སྡེ། མཁས་མཆོག་འདུལ་བའི་སྡེ། མཁན་པོ་རྣམ་སྣང་མཛད་བཟང་པོ། སློབ་དཔོན་སེང་གེ་བཟང་པོ། སངས་རྒྱས་ཡེ་ཤེས་ཞབས། པཎྜི་ཏ་གུ་