R370: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རྗེ་ཐར་རྩེ་ནས་ནམ་མཁའ་དཔལ་བཟང་པོས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༤བ
[A:༤བ]ནག་པོ་པས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་གཞུང་འགྲེལ། ༢༩ སྒྲུབ་ཐབས་དེ་ཉིད་གསལ་བ། ༣༠ ཕྱག་བཅུ་དྲུག་པ་དཔའ་གཅིག ༣༡ བདག་མེད་མའི་སྒྲུབ་ཐབས། ༣༢ ཚོགས་འཁོར་གྱི་ཆོ་ག་རྣམས་འགོས་འགྱུར། ༣༣ ཕྱག་གཉིས་པ་དཔའ་གཅིག ༣༤ ཏ་ར་ཀླ་ཤུ་དང་། ཚུལ་ཁྲིམས་གྲགས་ཀྱི་འགྱུར། རབ་གནས་ཀྱི་ཆོ་ག་དང་། ༣༥ སྦྱིན་སྲེག་ཆོ་ག་ག་ཡ་དྷ་ར་དང་འགོས་འགྱུར། ༣༦ གཤིན་གྱི་ཆོ་ག་ཉི་མ་རྒྱལ་མཚན་གྱི་འགྱུར། ༣༧ རོ་སྲེག་ཆོ་ག་དང་མཆོད་རྟེན་གྱི་ཆོ་ག་སྟེ་གཞུང་དེ་རྣམས་དམ་ཚིག་རྡོ་རྗེའི་སློབ་མ་ནག་པོ་ཤནྟ་བྷ་དྲས་མཛད་པ་དང་། ༣༨།༣༩ དེ་དག་གི་རྒྱབ་རྟེན་དུ་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེ་སྦྱོར་ཕྲེང་དང་། ཡང་རྫོགས་རིམ་ཐེག་ཆེན་ཞེས་བྱ་བ་འགོས་ཀྱི་འགྱུར་དང་། ཕྱག་རྒྱ་བཞི་པ་ཞེས་བྱ་བའི་ལུས་དཀྱིལ་གྱི་སྒྲུབ་ཐབས་དགྲ་ལས་རྣམ་རྒྱལ་གྱིས་མཛད་པ། ག་ཡ་དྷ་ར་དང་། གྱི་ཇོའི་འགྱུར་རྣམས་ཀྱང་ཐོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཡན་ཆད་ནི་གཞན་དུ་བཙལ་དགོས། དེ་ནས་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་རྒྱལ། རྒྱལ་ཚབ་ཀུན་དབང་པ། མཁས་གྲུབ་དཔལ་རྡོར་བ་གཉིས་ཀས་རྗེས་སུ་བཟུང་བ་འདྲེན་མཆོག་དཀོན་མཆོག་འཕེལ་བ། ཆོས་རྗེ་དགེ་ལེགས་བཤེས་གཉེན། རྗེ་ཤེས་རབ་རྒྱལ་མཚན། ཐར་རྩེ་ནས་ནམ་མཁའ་དཔལ་བཟང་། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ལྕེ་བསྒོམ་ཁ་སྐྱོང་བྲག་པས་མཛད་པ་སོགས་རིན་སྤུངས་སྐོར་གསུམ་ལས། ཐོག་མར་དཔེ་ཆོས་རིན་སྤུངས་དང་། དེའི་འགྲེལ་པ་གཉིས་ཀྱི་ལུང་ཐོབ་པའི་