[A:༢བ]མན་འདྲ། ཡང་ན། རྒྱལ་ཚབ་ཀུན་དབང་། ཡོངས་འཛིན་དཀོན་མཆོག་འཕེལ་བ། རྗེ་ལྷ་མཆོག་སེང་གེ རྐྱང་འདུར་རབ་འབྱམས་པ་དགེ་ལེགས་བཤེས་གཉེན། རྗེ་ཤེས་རབ་རྒྱལ་མཚན་མན་འདྲའོ། །དེའི་སྒྲུབ་ཐབས། དཀྱིལ་ཆོག འཆི་བསླུ། བསྟོད་པ་རྣམས་ཛེ་ཏཱ་རིས་མཛད་པ། དགའ་བའི་དཔལ་གྱིས་འགྱུར་མཛད་པ་ཐོས་སོ། །ཡང་ངན་སོང་སྦྱོང་བ་ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ས་ལུགས་ནི། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། རབ་འབྱོར་བསྐྱངས། ཀུན་དགའ་སྙིང་པོ། ཤེས་རབ་བསྐྱངས། ཞི་བ་སྙིང་པོ། དགེ་མཚན་བཤེས་གཉེན། བདེ་བའི་རྡོ་རྗེ། ཤྲདྡྷ་ཀ་ར་ཝརྨ། ལོ་ཆེན་རིན་བཟང་། བྲག་སྟེང་པ། མལ་ལོ་ཙཱ། ས་སྐྱ་པ་ཆེན་པོ། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། ཚོགས་བསྒོམ་པ། ཉན་ཆེན་པ། ཏི་ཤྲཱི་ཀུན་དགའ་བློ་གྲོས། བླ་མ་དམ་