[A:༣ན]པ། བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། རྗེ་བཙུན་སངས་རྒྱས་རིན་ཆེན། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། རྗེ་ཤེས་རབ་རྒྱལ་མཚན། ཐར་རྩེ་ནས་ནམ་མཁའ་དཔལ་བཟང་། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན། རྗེ་སངས་རྒྱས་རིན་ཆེན། དགེ་ལེགས་བཤེས་གཉེན། རྗེ་ཤེས་རབ་རྒྱལ་མཚན་མན་འདྲའོ། །རྗེ་བཙུན་ཆེན་པོས་མཛད་པའི་གཞན་ཕན་སྐོར་གསུམ་དང་། རྡོ་རྗེ་འཆང་གིས་མཛད་པའི་བསྙེན་རྒྱས། རྡུལ་ཚོན་ཁ་སྐོང་། གཞན་ཕན་མཐའ་ཡས། ཆ་གསུམ་གྱི་ཡིག་ཆ་དང་བཅས་པ་རྣམས་ཀྱི་ལུང་ཡང་ཐོས་སོ། ༈ །ཡང་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་ནང་ནས་སྟ་གོན་དང་འབྲེལ་བའི་དཀྱིལ་འཁོར་ལྔ་ཙམ་གྱི་