R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༥བ
[A:༥བ]རྡོ་རྗེ་རྣལ་འབྱོར་མ་རིག་པ་ཅན་མའམ། མཻ་ཏྲི་མཁའ་སྤྱོད་ཀྱི་བྱིན་རླབས་སྤྲུ་ལུང་པའི་ཡི་གེའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་ཕག་མོ། དཔའ་བོ་སྤྱན་རས་གཟིགས། བྱང་སེམས་བློ་གྲོས་རིན་ཆེན། རི་ཁྲོད་བློ་གྲོས། མཻ་ཏྲི་པ། རྒྱ་གར་ཕྱག་ན། ཀ་མ་ལ་བཛྲ། ཛ་ཡ་སེ་ན། སུམ་པ་ལོ་ཙཱ་བ་དར་མ་ཡོན་ཏན། རྗེ་བཙུན་གྲགས་པ། ཆོས་རྗེ་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཐེག་ཆེན་ཆོས་རྒྱལ། གུ་ཤྲཱི་ནམ་མཁའ་བཟང་པོ། ཉི་ལྡེ་བ་ངག་དབང་གྲགས་པ། རྒྱ་དཀར་ཤེས་རབ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རིང་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་མཁྱེན་བརྩེ་དབང་ཕྱུག ཉམས་དང་རྟོགས་པའི་མངའ་བདག་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ཆོས་ཀྱི་རྗེ་དེ་ཉིད་ཀྱི་དྲུང་དུ། དཔྱལ་ལུགས་ཀྱི་ཕག་མོ་སྐོར་གསུམ་དུ་གྲགས་པ། ཞལ་གཉིས་མ། དོན་གྲུབ་མ། དབུ་བཅད་མ་གསུམ་གྱི་བྱིན་རླབས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། ལཀྵིཾ་ཀ་ར།
ལེགས་སྨིན་ཟེར།
བྲམ་ཟེ་བིརྺ་པ། སློབ་དཔོན་ཨ་ཝ་དྷུ་ཏི། གྲུབ་ཆེན་ལྡོང་ངར་བ་ཏིང་འཛིན་རྡོ་རྗེ། བསོད་སྙོམས་པ་ཆུང་བ་ཏིང་འཛིན་བཟང་པོ། བལ་པོ་བྷ་རནྟྲ་རུ་ཙི། ཧ་ངུ་དཀར་པོ་ཡང་ཟེར། དཔྱལ་ལོ་ཀུན་དགའ་རྡོ་རྗེ། ཟར་སྟོན་ཨཱ་ཙརྻ། གཙང་ཡང་དག་རྡོ་རྗེ། དབུས་པ་ཤེས་རབ་རྡོ་རྗེ། ལྕེ་ཐམས་ཅད་མཁྱེན་པ་མདོ་སྡེ་སེང་གེ གྲུ་ཤཱཀྱ་འབུམ། ལྕེ་བློ་ལྡན་སེང་གེ ལྕེ་བཙུན་