R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༩བ
[A:༩བ]རྒྱལ་པོ་དབང་དུ་བསྡུ་བ་སོགས་ཀྱི་ཡི་གེ སྒྲུབ་ཐབས་ཀྱི་ས་བཅད། མངོན་རྟོགས་ངག་འདོན་ཆུང་ངུ་། གྲུབ་ཆེན་ཌོམྦྷི་ཧེ་རུ་ཀ་ནས་བརྒྱུད་པའི་གསང་སྒྲུབ་ཀྱི་ཆོས་སྐོར་ལ། སིནྡྷུ་རའི་བྱིན་རླབས་ཀྱི་ཆོ་ག་ཚིགས་བཅད་མ། བྱིན་རླབས་ཀྱི་ལག་ལེན་ཤིན་ཏུ་གསལ་བ་བླ་མ་མཉམ་མེད་ཆེན་པོས་མཛད་པ། སྒྲུབ་ཐབས། བསྟོད་པ་ཌོམྦྷི་ཧེ་རུ་ཀས་མཛད་པ། བསྙེན་པའི་ཡི་གེ སྒྲུབ་པ་དང་ལས་སྦྱོར་གྱི་ཡི་གེ བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་གྱི་གདམས་པ་ཤིན་ཏུ་ཟབ་པ། དེ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཞལ་ཤེས། ཞལ་ཤེས་ཀྱི་ཡིག་ཆུང་། ཡིག་ཆུང་གི་ཡང་ཡིག རྗེ་བཙུན་མ་ཀུ་རུ་ཀུལླེའི་ཕྱི་ནང་གསང་གསུམ་གྱི་བསྙེན་སྒྲུབ་ལས་སྦྱོར་དང་བཅས་པའི་ཡི་གེ་ཤིན་ཏུ་རྒྱས་པ་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་ཤར་དྭགས་པོའི་པཎྜི་ཏ་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པ། གཉན་ལོ་ཙཱ་བས་པཎྜི་ཏ་འབུམ་ཕྲག་གསུམ་པ་དབང་དུ་བསྡུས་པའི་རྗེ་བཙུན་མ་ཀུ་རུ་ཀུལླེ་དཔལ་མོ་སྙིང་གི་གསེར་ཐག་ཅན་དུ་གྲགས་པའི་ཆོས་སྐོར། ལོ་རྒྱུས། བསྙེན་པ་སྲོག་གི་འཁོར་ལོ། ལོངས་སྤྱོད་རྫས་ཀྱི་འཁོར་ལོ། དབང་བསྡུད་ཡིད་བཞིན་གྱི་འཁོར་ལོ། རྗེས་གནང་གི་ཡི་གེ་རྣམས། ཞར་ལས་བྱུང་བ། གཉན་ལོ་ཙཱ་བའི་དབང་གི་ལྷ་གསུམ་གྱི་ནང་ཚན། ནོར་རྒྱུན་དམར་མོའི་སྒྲུབ་ཐབས། དེའི་གསལ་བྱེད་ཨཱ་ཙརྻའི་ཞལ་ལས་བྱུང་བ། དཔལ་ལྷ་མོ་ཏི་ནུ་མའི་སྒྲུབ་ཐབས། དེའི་ལུང་བླངས་པ། རྗེས་གནང་གི་ཡི་གེ་རྣམས་ཐོས་སོ། ༈ །ཁམས་གསུམ་དབང་བསྡུད་ཚོགས་བདག་བགེགས་ཀྱི་རྒྱལ་པོ་དམར་ཆེན་ཕྱག་བཅུ་གཉིས་པའི་ཆོས་སྐོར་ཐོབ་པ་ལས། དང་པོ་རྩ་བའི་ཡི་གེ་ལ། ཚོགས་བདག་གི་