[A:༩ན]བ། སྒྲུབ་ཐབས་ཀྱི་རྒྱ་གཞུང་རྒྱལ་པོ་ལྷན་སྐྱེས་རོལ་པས་མཛད་པ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། བ་རི་ལོ་ཙཱ་བས་བསྒྱུར་བ། ལྷན་སྐྱེས་སྒེག་པས་མཛད་པའི་སྒྲུབ་ཐབས་དཱ་ན་ཤཱི་ལའི་རང་འགྱུར། སྒྲུབ་ཐབས་ཀུ་མ་ར་བོ་དྷིས་མཛད་པ། སྒྲུབ་ཐབས་མ་ཏཾ་ཀིས་མཛད་པ། མན་ངག་ཆེན་པོ་ལྔ་ཞི་བ་འཚོས་མཛད་པ་དཱ་ན་ཤི་ལས་བསྒྱུར་པ། ཤཱཀྱ་མཚོས་མཛད་པའི་མན་ངག་ཆེན་པོ་ལྔ་དཱ་ན་ཤཱི་ལའི་རང་འགྱུར། བསྙེན་སྒྲུབ་ལས་གསུམ་གྱི་གདམས་པ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་པ། མངོན་རྟོགས་འཕགས་པ་རིན་པོ་ཆེས་མཛད་པ། ལས་སྦྱོར་གྱི་ཡི་གེ་པཎྜི་ཏ་དོན་ཡོད་རྡོ་རྗེས་བ་རི་ལོ་ཙཱ་བ་ལ་གནང་བ། ནུས་པ་མ་ཉམས་པ་ཁམས་གསུམ་དབང་དུ་བྱེད་པ་སོགས་དང་། རྫས་སྦྱོར་གྱི་ཡི་གེ་བ་རི་བའི་གསུང་། གཏོར་མའི་ཆོ་ག་ཚིགས་བཅད་མ་ཉུང་ངུ་། སྦྱིན་སྲེག་གི་ཡི་གེ་ཚིགས་བཅད་མ། སྔགས་ཀྱི་ཞལ་ཤེས། བྲིས་སྐུའི་མན་ངག གསུང་རྡོ་རྗེ་མའི་ལག་འགུལ། ཀུ་རུ་ཀུལླེ་གཞོན་ནུ་མའི་མན་ངག བཀའ་སྡོད་ཕོ་ཉ་མོའི་ཡི་གེ ཀུ་རུ་ཀུལླེ་སྔོན་མོ་ཆར་འབེབས་ཀྱི་ཡི་གེ སྒྲུབ་ཐབས་ནག་པོ་འགྲོ་ཤེས། ཁམས་གསུམ་དབང་དུ་བསྡུ་བའི་གནད་ཡིག་གངྒཱི་ཆུ་རྒྱུན། འཁོར་ལོའི་ཡིག་ཆུང་། ནང་སྒྲུབ་ཀྱི་སྐོར་བ། ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་བཻ་རོ་ཙ་ནས་བསྒྱུར་པ། དེའི་ལག་ལེན་གྱི་ཡིག་སྣ་ཀོ་ས་ལར་འཁྲུངས་པའི་བརྟུལ་ཞུགས་སྤྱོད་པ་རྣམ་པར་སྣང་མཛད་རྡོ་རྗེའི་གདམས་ངག འཁོར་ཝ་རུ་ཎའི་ཆར་ཆོག ཆར་ཆོག་ཡིག་སྣ། དེའི་ཞལ་ཤེས། ཆར་འབེབས་དང་