R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༠བ
[A:༡༠བ]རྟོགས། གཏོར་འབུལ། སྒྲུབ་རྟགས། ལས་ཕྲ་མོའི་ཡི་གེ་ཟངས་ཚ་བསོད་ནམས་རྒྱལ་མཚན་གྱིས་མཛད་པ། བསྙེན་སྒྲུབ་ལས་གསུམ་སྤོག་ཆོག་དང་བཅས་པ་གསལ་བར་སྟོན་པའི་སྒྲུབ་ཐབས་ཆེན་མོ་གཞན་ལས་ཆེས་མཆོག་ཁྱད་པར་འཕགས་པ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་མཛད་པ། དེ་ཉིད་ཀྱིས་མཛད་པའི་སྒྲུབ་ཁྲིད་ཀྱི་སྡོམ་ཚིག་ཤིན་ཏུ་གསལ་བ། གཏོར་ཆོག་ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱིས་མཛད་པ་རྣམས་སོ། །གཉིས་པ་གསལ་བྱེད་དམ་ལྷན་ཐབས་ཀྱི་ཡི་གེ་ལ། བྲིས་སྐུ་བྲི་ཞིང་བསྒྲུབ་པའི་ཡི་གེ བྲིས་སྐུ་བྲི་ཚུལ་དང་རབ་གནས་ཀྱི་ཡི་གེ བསེ་གདོང་ཅན་མནན་པའི་ཡིག་རྙིང་ཚིགས་བཅད། དེའི་ལག་ལེན་རྗེ་བླ་མ་དམ་པའི་གསུང་ལས་ཡར་ཀླུང་པས་ཟིན་བྲིས་སུ་བཏབ་པ། སྐུ་རྟེན་བྲི་བ། དངོས་གྲུབ་ཀྱི་རྟེན་གཏོར་བཅའ་བ། གསང་རྟེན་ལུས་ལ་བཅང་བ། རྒྱུན་གཏོར་གཏེར་དུ་སྦ་བ། ཐུན་མོང་མ་ཡིན་པའི་གནད་དབབ་རྣམས་ཀྱི་ཡི་གེ་བཀའ་རྒྱ་ཅན། བསྒྲུབ་པའི་འགབ་འདྲེ་མནན་པ། གསང་རྟེན་བཅའ་བ། བླ་རྡོ་འཆང་བ། དངོས་གྲུབ་བླང་བའི་ཐབས་རྣམས་སྟོན་པའི་གསང་བའི་ཡི་གེ་བདག་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པ། གསང་བ་སྙིང་གི་འཁོར་ལོས་ལས་བཞི་བསྒྲུབ་ཚུལ། སྤོགས་ཆོག གསང་བ་ཐུགས་ཀྱི་མན་ངག་ནོར་བུ་བསམ་གཏན། ཚོགས་བདག་དང་ཙ་རྩི་ཀ་ཞལ་སྦྱོར་གྱི་ཐབ་གཏེར་དང་། བང་མཛོད་ཀྱི་ཆོ་ག་རྣམས་སྟོན་པའི་ཟབ་གནད་ཀྱི་ཡི་གེ སྦྱིན་སྲེག་གི་ལག་ལེན། བི་ན་ཡ་ཀའི་རྒྱུད་ནས་གསུངས་པའི་ཕྱག་མཚན་བཅུ་གཉིས་ཀྱི་ལས་ཚོགས། འཕགས་པ་རིན་པོ་ཆེས་མཛད་པའི་བསྟོད་པ། སྤྱན་འདྲེན་མཆོད་ཕྲེང་