R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༡ན
[A:༡༡ན]དང་། བསྟོད་པ་དཔལ་ལྡན་བླ་མ་དམ་པས་མཛད་པ། ཆོས་རྗེ་རྡོ་རྗེ་འཆང་གིས་མཛད་པའི་བསྟོད་པ་རྣམས་ཐོས་སོ། །ཚོགས་བདག་གསང་སྒྲུབ་དམར་པོ་ཞལ་གཅིག་ཕྱག་དྲུག་པའི་སྒྲུབ་ཐབས་དཔལ་ནཱ་རོ་པས་མཛད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་བ་རི་ལོ་ཙཱ་བས་བསྒྱུར་པ། དེའི་ལག་ལེན་གྱི་ཡི་གེ་ཌོམྦྷི་ཧེ་རུ་ཀ་ནས་བརྒྱུད་པའི་ཚོགས་བདག་དམར་ཆུང་གསང་སྒྲུབ་ཞལ་གཅིག་ཕྱག་གཉིས་པ་ཡུམ་ནོར་རྒྱུན་མ་དང་ལྷན་ཅིག་བསྒྲུབ་པའི་ཡི་གེ དེའི་དབང་བསྡུད་ཀྱི་ཡི་གེ རྟེན་གྱི་ཡི་གེ་རྣམས་ཐོས་སོ། །འདི་ནི་ཞལ་གཟིགས་ཀྱི་བརྒྱུད་པ་ཁོ་ནར་འདོད་དོ། །ཞར་ལས་འོངས་པ་ཇོ་བོ་ཨ་ཏི་ཤ་ནས་བརྒྱུད་པའི་ཚོགས་བདག་དཀར་པོའི་སྒྲུབ་སྐོར་ལ། སྤྱིར་ཚོགས་བདག་རིགས་ལྔ་སྟོན་པའི་རྒྱུད་རིན་པོ་ཆེའི་གཏེར་མཛོད་དཱི་པཾ་ཀ་ར་དང་ནག་ཚོས་བསྒྱུར་པ། ཚོགས་བདག་དཀར་པོ་ཆགས་པའི་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ཡབ་ཡུམ་གྱི་སྒྲུབ་ཐབས་སློབ་དཔོན་ཨིནྡྲ་བྷུ་ཏིས་མཛད་པ། དཱི་པཾ་ཀ་ར་དང་རྒྱ་བརྩོན་འགྲུས་སེང་གེའི་འགྱུར། དེའི་ལག་ལེན་སྒྲུབ་ཐབས། བསྟོད་པ་ཇོ་བོས་མཛད་པ། རྟེན་འབྲེལ་གྱི་རབ་གནས། གནད་དབབ་རྒྱ་བརྩོན་སེང་གི་གདམས་པ། གནད་ལ་བོར་བ་བཟླས་པའི་ཞལ་གདམས། སྦྱིན་སྲེག་དང་བསད་པའི་ལས་སྦྱོར། སྤོག་ཆོག ལྷ་ཆེན་ཆགས་པ་རྡོ་རྗེའི་རྗེས་གནང་ལོ་རྒྱུས་དང་བཅས་པ། ཚོགས་བདག་དཀར་པོ་གླང་གདོང་ཕྱག་བཞི་པའི་སྒྲུབ་ཐབས། ཚོགས་བདག་དཀར་པོ་ཤ་བའི་གདོང་ཅན་གྱི་སྒྲུབ་ཐབས། ཚོགས་བདག་སྤྲེའུའི་གདོང་ཅན་ཕྱག་བཞི་པའི་སྒྲུབ་ཐབས་ཨ་མོ་གྷ་བཛྲས་མཛད་པ། ཚོགས་བདག་གསང་སྒྲུབ་ཕྱག་བཞི་