[A:༡༡བ]པའི་སྒྲུབ་ཐབས་ཀྱི་ཡིག་རྙིང་། དེའི་རྟེན་བཅའ་བ་སོགས་ཀྱི་ཞལ་ཤེས་དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པ། དེ་ཉིད་བསྟོད་ཅིང་གསོལ་བ་བཏབ་པ་འཕགས་པ་རིན་པོ་ཆེས་མཛད་པ། ཚོགས་བདག་ཡང་གསང་དྲག་པོ་བཙན་ཐབས་སུ་བསྒྲུབ་པ་ཕྱག་གཉིས་པའི་སྒྲུབ་ཐབས། སྦྱིན་སྲེག་སྤོག་ཆོག་དང་བཅས་པ་རྗེ་ས་སྐྱ་པས་མཛད་པ། ཚོགས་བདག་གླང་པོའི་གཟུགས་སྒྲུབ་ཀྱི་སྒོ་ནས་ནོར་སྦྱིན་པའི་ཞལ་གདམས། ཐབ་འཁོར། མཛོད་འཁོར། དགེ་འདུན་འདུ་བའི་འཁོར་ལོ་སོགས་ཀྱི་གནད་ཡིག་དང་བཅས་པ་རྣམས་སོ། ༈ །དབང་བསྡུད་འདོད་པའི་རྒྱལ་པོའི་མན་ངག་གི་ཆོས་སྐོར་ཐོབ་པ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ལ་བླ་མ་བརྒྱུད་པའི་ལོ་རྒྱུས་མདོར་བསྡུས་པ། དབང་བསྡུད་ལས་ཀྱི་འཁོར་ལོ། ཡང་བསྡུད་ཐུགས་ཀྱི་འཁོར་ལོ་བྱུང་ཚུལ་སོགས་ལོ་རྒྱུས་ཅུང་ཟད་རྒྱས་པར་ཕྱེ་བ་བླ་མ་ཆོས་ཀྱི་རྗེའི་གསུང་། དབང་བསྡུད་ཀག་ཆོལ་མའི་ལུང་གི་རྗེས་གནང་གི་ཆོ་ག་དཔལ་ལྡན་ས་སྐྱ་པཎྜི་ཏས་མཛད་པ། བྱིན་རླབས་ཀྱི་ལུང་བླ་མའི་ཞལ་ཤེས་ས་སྐྱ་པཎྜི་ཏའི་མན་ངག ནམ་མཁའ་མཛོད་ཀྱི་རྗེས་གནང་བླ་མ་ས་སྐྱ་པའི་གདམས་པ། གྲོ་གེ་མའི་རྗེས་གནང་བླ་མའི་ཕྱག་བཞེས་སྔགས་འཆང་རྒྱལ་པོ་དཔལ་གྱི་མཛད་པ། སྔགས་ཀྱི་རྒྱལ་པོའི་དམ་ཚིག་གི་དངོས་གྲུབ་མཆོག་བསྒྲུབ་པའི་ཐབས་ཞེས་བྱ་བ་འདོད་རྒྱལ་གྱི་སྒྲུབ་ཐབས་སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པ། རྒྱ་གར་མཁན་པོ་དེ་བཞིན་གཤེགས་པ་བསྲུང་བའི་དཔལ་གྱི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་བ་རི་རིན་ཆེན་གྲགས་ཀྱིས་བསྒྱུར་པ། གསལ་བྱེད་ཉི་མའི་འཁོར་ལོས་སྣོད་བཅུད་དབང་དུ་བྱ་བ་