R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༣བ
[A:༡༣བ]བའི་གདམས་ངག་ནོར་བུ་རིན་ཆེན་ཕག་མོ་གྲུབ་པ་ལ་གནང་བ། ཐ་ཆེན་འཁོར་ལོའི་ཡི་གེ་དབང་བསྡུད་དམ་པ། མཁའ་འགྲོ་མའི་རྫས་སྒྲུབ་གཤེན་བདེ་བའི་རྡོ་རྗེས་བླ་མ་སྐྱ་པ་ཆེན་པོ་ལ་ཞུས་པ། དེའི་གསལ་བྱེད་ཞང་བཙུན་སག་ཐང་པའི་ཞལ་གདམས། དབང་གི་རླུང་འཁོར་ཟབ་མོ། རླུང་ལྷ་ལས་ལ་བཞུགས་པ་སོགས་གབ་པའི་མན་ངག་ས་སྐྱ་པའི་ཞལ་གདམས། ཨཱ་ལྀའི་གནད་ཀྱི་མན་ངག་ཡིད་བཞིན་ནོར་བུ། དེའི་ཞལ་ཤེས། ཨཱ་ལྀའི་སྦྱིན་བསྲེག རྗེ་ས་ཆེན་དང་འགྲོ་མགོན་ཕག་མོ་གྲུབ་པ་གཉིས་ཀྱི་ཞུ་བ་ཞུ་ལན་ཨཱ་ལྀ་ཀཱ་ལྀ་ལས་སྣ་ཚོགས་ལ་འཇུག་པ་ཞེས་བྱ་བའི་གདམས་པ། འདོད་རྒྱལ་ཡབ་ཡུམ་སྦྲགས་ཏེ་བསྒྲུབ་པའི་མན་ངག་ལག་ལེན་དུ་དྲིལ་བའི་ནག་པོ་འགྲོ་ཤེས་སྔགས་འཆང་རྒྱལ་པོ་དཔལ་གྱིས་མཛད་པ། དེའི་ཞལ་ཤེས་ས་སྐྱ་པའི་གདམས་པ་ཁྱད་པར་ཅན་འཛམ་གླིང་གསེར་གྱིས་བཀང་བ་ལས་ཆེ་ཆེར་དགའ་བ་དེ་ཉིད་ཀྱིས་མཛད་པ་ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཟུར་འདེབས་འཇམ་དབྱངས་མགོན་པོས་མཛད་པ། དབང་བསྡུད་ལས་ཀྱི་འཁོར་ལོའི་འགྲེལ་པ། ཁྱད་པར་ཅན་གྱི་སྒྲུབ་ཐབས་ནོར་བུ་གསལ་འབར་སྙིང་གི་ཐིག་ལེའི་དྭངས་མ་རྣམས་སོ། །དེ་ལྟ་བུའི་དབང་བསྡུད་ནོར་ལྷའི་མན་ངག་གི་གླེགས་བམ་ཡོངས་རྫོགས་ཀྱི་དཀར་ཆག་རྗེ་ཚར་ཆེན་བློ་གསལ་རྒྱ་མཚོས་མཛད་པ་ཡང་ཐོས་སོ། །ཆོས་སྐོར་དེ་དག་གི་བརྒྱུད་པ་གཞན་རྣམས་ནི་གོང་གི་རྗེས་གནང་སོ་སོའི་བརྒྱུད་པ་དང་འདྲ་ལ། ༈ །ཀུ་རུ་ཀུལླེའི་ནང་སྒྲུབ་སློབ་དཔོན་ཀླུ་སྒྲུབ་ནས་བརྒྱུད་པའི་ལྷ་ལྔའི་ཆོས་སྐོར་རྣམས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཀླུ་སྒྲུབ། ཀླུའི་བྱང་ཆུབ། དགའ་རབ་རྡོ་རྗེ། རྡོ་རྗེ་