R378: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ ཆོས་ཀྱི་རྗེ་ཉམས་དང་རྟོགས་པའི་མངའ་བདག་རྗེ་བཙུན་དབང་ཕྱུག་རབ་བརྟན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༤ན
[A:༡༤ན]གདན་པ། ཨརྻ་པ་ལ། བཻ་རོ་ཙ་ན། རྗེ་བཙུན་གནས་ནང་པ་
དུས་གསུམ་མཁྱེན་པ།
ནས་བརྒྱུད་དེ། རྗེ་ཕྱོགས་ལས་རྣམ་རྒྱལ། ཚར་ཆེན་མན་གོང་དང་འདྲ། ༈ །ཡང་ཀུ་རུ་ཀུལླེའི་ཕྱི་ནང་གསང་གསུམ་གྱི་སྒྲུབ་ཡིག་རྒྱས་པ་ཞལ་ཤེས་དང་བཅས་དྭགས་པོ་བཀྲས་རྣམ་པས་མཛད་པའི་བརྒྱུད་པ་ནི། དྭགས་པོ་བཀྲས་རྣམ་པ། སྤྱན་སྔ་བསོད་ནམས་ལྷ་དབང་། རྗེ་ཀརྨ་འཕྲིན་ལས་པ། ཚར་ཆེན་མན་གོང་དང་འདྲ། ༈ །ཡང་དམར་མོ་སྐོར་གསུམ་གྱི་ཆོས་སྐོར་གྱི་དཀར་ཆག་དང་། འདོད་རྒྱལ་གྱི་ཐུན་མོང་མ་ཡིན་པའི་བླ་མ་བརྒྱུད་པའི་གསོལ་འདེབས་ཚར་ཆེན་གྱིས་མཛད་པ་གཉིས། དེའི་རྗེས་གནང་གི་ལག་ལེན་ཟིན་བྲིས་གསལ་བྱེད་རྗེ་རིན་རྣམ་པས་མཛད་པ། འདོད་རྒྱལ་གྱི་འཁོར་ལོ་བྲི་བའི་ཟིན་བྲིས་ཀྱི་ཡི་གེ དེའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་ཉམས་སུ་ལེན་ཚུལ། རྗེ་བསམ་གཏན་གླིང་པས་མཛད་པའི་ཉི་ཟླ་འཁོར་ལོའི་ཡི་གེ་རྣམས་ཀྱང་ཐོས། ༈ །ཡང་ཆོས་ཀྱི་རྗེ་དེ་ཉིད་ཀྱི་དྲུང་དུ། གུར་མགོན་ལྷ་བརྒྱད་སྦྲགས་ཏེ་སྒྲུབ་པ་ཐུན་མོང་མ་ཡིན་པའི་རྗེས་གནང་དང་། ལྷ་མགོན་བཅུ་གཉིས་མའི་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་གུར། བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ། དད་བྱེད་གོ་ཆ། ལོ་ཆེན་རིན་བཟང་། བྲག་སྟེང་པ། མལ་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། དམ་པ་ཀུན་དགའ་གྲགས། བླ་མ་བདག་ཉིད་ཆེན་པོ། མཁས་བཙུན་ནམ་མཁའ་ལེགས་པ། ཆོས་རྗེ་བླ་མ་