[A:༢༥ན]མཚོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག ཉམས་དང་རྟོགས་པའི་མངའ་བདག་རྗེ་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་རྗེ་བླ་མས་མུས་སྲད་པའི་དཀར་ཆག་ནང་གི་མན་ངག་འདི་རྣམས་བླ་མ་གཞན་དང་གཞན་དག་ལས་ཀྱང་གསན་གསུངས་སོ། ༈ །ཡང་ཞིང་སྐྱོང་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་རྒྱུད་དང་། སྒྲུབ་ཐབས་རྗེས་གནང་། ལས་ཚོགས་ཀྱི་ཡིག་སྣ་མང་པོ་དང་བཅས་པ། བཻ་རོ་ཙ་ན་དང་། རྗེ་ས་ཆེན་དང་། ཡར་ཀླུང་པ་སེང་གེ་རྒྱལ་མཚན་སོགས་ཀྱིས་མཛད་པའི་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། པདྨ་བཛྲ། ར་ཧུ་ལ། སྒེག་པའི་རྡོ་རྗེ། ཛྙཱ་ན་སིདྡྷི། དཔལ་དམ་ཚིག་གི་རྡོ་རྗེ། འཆི་མེད་བློ་གྲོས་བཟང་པོ། མཁས་པ་བཻ་རཱོ་ཙ་ན། དཔལ་ཆེན་སྒ་ལོ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། བླ་ཆེན་ཡར་བསྒོམ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། དྲིན་ཆེན་སེང་གེ་བཟང་པོ། ཡར་ཀླུང་པ་སེང་གེ་རྒྱལ་མཚན། བླ་མ་བསོད་ནམས་རྒྱལ་མཆོག འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། རྡོ་རིང་ཀུན་སྤངས་ཆོས་ཀྱི་ཉི་མ། ཚར་ཆེན་བློ་གསལ་རྒྱ་མཚོ། རྗེ་མཁྱེན་བརྩེ་དབང་ཕྱུག རྗེ་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །འཁོན་ས་སྐྱ་པའི་བཀའ་སྲུང་དཀར་བདུད་ལྕམ་དྲལ་གྱི་སྒྲུབ་སྐོར། འཁོན་རོག་ཤེས་རབ་ཚུལ་ཁྲིམས་ལ། བཞི་ཐོག་བླ་བྲང་