[A:༢༤བ]ཚེགས་ལ། སྲེའུ་གསོ་བའི་ཡི་གེ་ཆེ་ཆུང་གཉིས། ལས་རྒྱས་པ་ཡིད་བཞིན་ནོར་བུ། གྲི་ལག་གི་དབང་གི་ལས། བསྒྲུབ་བྱ་དབང་དུ་བྱ་བ། འཁོན་ནག་ཟས་སུ་བཟའ་བ། ལྟས་ངན་བཏང་བ། ཆོ་འཕྲུལ་བཏང་བ། བསྐྲད་པའི་ལས། ཡང་བསྐྲད་པའི་ལས་ཞལ་ཤེས་དང་བཅས་པ། མནན་པའི་ལས། མ་ཧཱ་བཱ་ལ་ལ་བརྟེན་ཏེ་འདྲེ་མནན་པ། ཤྭ་ཟློག མགོན་པོ་ལ་རང་དང་སློབ་མ་རྫས་དང་ཡོ་བྱད་ལ་སོགས་པ་གཏོད་པ། གཙུག་ལག་ཁང་གཏོད་པ། དེའི་ལག་ལེན་གསལ་བྱེད། གནས་དང་མལ་ཆ་ནོར་རྫས་བསྲུང་བ། མགོན་པོའི་གསང་བ། དམ་ཚིག་གསོ་བ། ཉམས་ཆག་བསྐངས་བཤགས། སྤྱོད་ལམ་དང་དབང་གི་བྱ་བ་རྣམས་སོ། །དེ་ལྟར་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཞལ་བཞི་པའི་མན་ངག་དང་ཡི་གེའི་ཐོ་འདི་ནི། དཔལ་ལྡན་ས་སྐྱ་པའི་ལུགས་ཚང་ལ་མ་ནོར་བར་བཀོད་པ་ཡིན་ལ། གཞན་དག་གི་མགོན་པོ་གདོང་བརྙན་ཅན་གྱི་མན་ངག་བསྲེས་ཏེ། དཀྱིལ་འཁོར་དང་། སྐུ་གསུང་ཐུགས་ཡོན་ཏན་དང་འཕྲིན་ལས་ཀྱི་མགོན་པོ་སོགས་སུ་ཕྱེ་བ། བླུན་པོ་མགུ་བར་བྱེད་པའི་ཡི་གེ་དུ་མ་སྣང་བ། མཁས་པ་དག་གིས་མཆིལ་མའི་ཐལ་བ་ལྟར་རིང་དུ་དོར་བར་བྱ། ཞེས་པ་དེ་དག་ནི་མུས་སྲས་པའི་དཀར་ཆག་ནས་ཇི་ལྟར་འབྱུང་བ་བཞིན་བཀོད་པ་ཡིན་ལ། མན་ངག་གི་ཡིག་སྐོར་དེ་རྣམས་ཡོངས་རྫོགས་ཐོབ་པའི་བརྒྱུད་པ་ནི། བླ་མ་དམ་པ་ཡན་ཆད་ཞལ་བཞི་པའི་མན་ངག་གཞན་དང་འདྲ་ལ། དེས་སྔགས་འཆང་གཟུངས་ཀྱི་དཔལ་བ། རྗེ་ཨཱ་ནནྡ་མ་ཏི། ཟུར་སྟོན་ཤཱཀྱ་ཤྲཱི་བྷ་དྲ། རྗེ་མུས་སྲད་པ་རྡོ་རྗེ་རྒྱལ་མཚན། རྒྱུད་གསུམ་སྨྲ་བ་ཤེས་རབ་རིན་ཆེན། རྗེ་ཚར་ཆེན་བློ་གསལ་རྒྱ་